བུ་ངར་བ།

30/06/2011 10:56

 ཚེ་འབའ།

༄༅།། ཆར་བ་ཟིམ་ཟིམ་དུ་འབབ་ཅིང་རླུང་འཚུབ་ཀྱི་ཁྲོད་དུ་མི་རྣམས་བྲེལ་འཚུབ་ངང་ཕར་འགྲོ་ཚར་འོང་བྱེད་བཞིན་འདུག 
       གངས་རྒྱན་ཚོད་མ་ཟ་ཁང་གི་གྲུ་ག་ཞིག་ན་གདོང་ལ་གཉེར་མས་ཁེངས་ཤིང་མགོ་ལ་ཞྭ་མོ་ཚིལ་དྲེག་ཅན་གྱོན་པ། སྟོད་གཡོགས་ཀྱི་དཔུང་བར་ལྷམ་པ་གྲུ་བཞི་བརྒྱབ་པའི་རྒད་པོ་ཞིག་གིས་གདོང་ལ་སྐྱོ་མདོག་གིས་ཁེངས་ཤིང་ཁ་གཏད་ཀྱི་ལུས་ལ་ནུབ་ལྭ་ཆ་ཚང་གྱོན་ཞིང་ཚོད་མ་ཟ་བཞིན་པའི་གཞོན་ནུ་གྲལ་དག་དེར་བལྟས་འདུག
       དེ་ལྟར་ཡུན་རིང་འགོར་རྗེས་རྒད་པོ་དེ་གཞི་ནས་ཁ་གྲགས་བྱུང་། “བུ་ཕྲུག་ཚེ་རིང་ལོ་ལོ།ད་ཁྱོད་ཀྱིས་ཨ་ཕ་སྡུག་ལ་མ་གཏོད། ད་ཐེངས་ཀྱང་ཅུང་ཙམ་མིན་ན།……ཨེ།གལ་ཏེ་མི་དེས་ཁྱོད་སྨད་རྒྱ་ནང་ཞིག་ལ་བཙོང་ན། ད་ང་དང་ཨ་མས་ཅི་ཞིག་བྱ། ཨ་མས་ཉིན་རྒྱུན་ཁྱོད་ཀྱི་ཆེད་དུ་མིག་ཆུ་བཞུར་བཞིན་འདུག” 
       གཞོན་ནུ་དེས་ཡིད་མ་རངས་པའི་ངང་རྒད་པོ་དེར་མིག་ཟུར་གྱིས་ལྟ་ཙམ་བྱས་རྗེས་སྔར་བཞིན་ཚོད་མ་ཟོས། 
      “ཁྱོད་ཀྱིས་ང་ཚོ་སྡེ་བའི་དགེ་རྒན་རྒྱ་མཚོར་ལྟོས་དང་།ཅི་འདྲའི་སྐྱིད་པོ་རེད། སློབ་སྦྱོང་བྱས་ན་དེ་ལྟར་སྐྱིད་བརྒྱབ་ཆོགང་དང་ཨ་མས་ཉིན་མཚན་མེད་པར་སྡུག་བཏགས་ན་ཡང་ལོ་རེར་སྒོར་སྟོང་གཉིས་ཀྱང་མི་ལོན།ཁོ་ཙོག་ནས་བསྡད་ན་ཡང་ཟླ་རེར་སྒོར་སྟོང་གསུམ་ལ་ཉེ་བ་ལོན་ཐུབ། ཚེ་རིང་ལོ་ལོ། ད་ཁྱོད་ཀྱིས་མ་རབས་ཀྱི་བྱ་བ་མ་བྱེད། ན་ནིང་ཨ་མའི་ནད་བཅོས་བར་སྒོར་སྟོང་ལྔ་གཞན་ནས་བསྐྱིས་ཡོད།ད་ཐེངས་ཁྱོད་བཙལ་བར་ཡང་སྒོརབདུན་བརྒྱ་ལྷག་བུད་སོང་།ཁྱོད་ཀྱིས་ཀྱང་འུ་ཚང་གི་ཆ་རྐྱེན་ཤེས་ནི་རེད། འུ་ཚང་ལ་དེ་འདྲའི་སྒོར་མང་བོ་གང་ན་ཡོད། ད་ཁྱོད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་མ་བྱས་ན……” 
       “ཨ་ཕ། ཆོག་གི་ཆོག་གི ད་ངས་ཤེས་སོང་།ཁྱོད་མྱུར་བར་ཡུལ་ལ་སོངས་དང་ངས་སློབ་སྦྱོང་བཟང་བོ་བྱེད་ཡ།”གཞོན་ནུ་དེས་སུན་སྣང་དང་བཅས་བཤད། 
       “ཡ་ད་དགེ་རྒན་ལ་ཁྱོད་དགོས་འདུག་ཀྱང་མི་ཤེས།ཡང་ངས་དགེ་རྒན་ལ་ཞུ་བ་བྱེད་དགོས་རྒྱུ་རེད།” 
       “མ་དགོས་ན་མ་དགོས་མོད། ཞུ་བ་བྱས་ནས་ཅི་བྱེད།” 
       “ཁྱི་ཁ་ཚུམས།སློབ་གྲྭར་མ་དགོས་ན་ཁྱོད་ཀྱིས་ཅི་བྱེད་དམ།” 
       “སློབ་གྲྭ་འདི་གཅིག་པུ་ལས་མེད་པ་མ་རེད།གཞན་དུ་སོང་ན་མི་ཆོག་གམ།” 
       “ད་བཤད་རྒྱུ་མ་མང་།རྒྱགས་ཟིན་ན་འགྲོ” 
        ཚེ་རིང་གི་མདུན་དུ་ད་དུང་ཚོད་མ་བཞི་ལྷག་འདུགངོ་མ་བཤད་ན་ཨ་ཁུ་ཟླ་བས་ད་ནངས་ནངས་ཇ་མ་གཏོགས་ཅི་ཡང་འཐུང་མེད་པས་ལོས་ལྟོགས། འོན་ཀྱང་སྒོར་མེད་པས་བུ་ལ་མ་གཏོགས་རང་ལ་མ་ཉོས། བསམ་ཡུལ་ལས་འདས་བ་ཞིག་ལ་ཚེ་རིང་གིས་ཚོད་མ་བཞི་བོ་ཆུ་ཤོག་ནང་བ