༄༅།། ཀ་མད་སུམ་ཅུའི་དྲི་བ་དྲི་ལན།

28/07/2011 11:08

ཀ།  བོད་ཀྱི་ཡི་གེ་གསལ་བྱེད་ག་ཚོད་ཡོད་རེད།

 

 

ཁ།  བོད་ཀྱི་ཡི་གེར་གསལ་བྱེད་སུམ་ཅུ་ཡོད་རེད།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ།  ཙ་ཚ་ཛ་ཝ།

ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།

 

 

ཀ།   གསལ་བྱེད་ཀ་སོགས་སུམ་ཅུ་ཡོད་ན།

རྗེས་འཇུག་ཡི་གེ་ག་ཚོད་ཡོད་རེད།

 

 

ཁ།  ཀ་སོགས་གསལ་བྱེད་སུམ་ཅུའི་ནང་ནས།།

ག་ང་ད་ན་བ་མ་འ་དང་།

ར་ལ་ས་རྣམས་རྗེས་འཇུག་ཡིན་ནོ།།

 

ཀ། རྗེས་འཇུག་ཡི་གེ་བཅུ་རང་ཡོད་ན།

སྔོན་འཇུག་ཡི་གེ་ག་ཚོད་ཡོད་རེད།

ཁ།  རྗེས་འཇུག་ཡི་གེ་བཅུ་ཡི་ནང་ནས།

ག་ད་བ་མ་འ་སྔ་བོ།

སྔོན་དུ་འཇུག་པའི་ཡི་གེ་ཡིན་ནོ།

 

ཀ། སྔོན་འཇུག་ཡི་གེ་ལྔ་རང་ཡིན་ན།

ཡང་འཇུག་ཡི་གེ་ག་ཚོད་ཡོད་རེད།

ཁ། སྔོན་འཇུག་ཡི་གེ་ལྔ་ཡི་ནང་ནས།།

ད་ས་གཉིས་ཀྱི་ཡི་གེ་གཉིས་པོ།

ཡང་འཇུག་ཡི་གེ་གཉིས་རང་ཡིན་ནོ།