༄༅།། བསྐོར་གཞས།
28/07/2011 09:59
ཤར་ནས་ཟླ་བ་ཤར་བྱུང་།།
རི་བོང་བློ་ལྡན་ཤེས་རབ།།
ཟླ་བ་འདི་ནི་ཕར་འགྲོ།
བཀྲ་ཤིས་ཟླ་བ་དཀར་པོ།།
དཀར་པོའི་གོར་གོར་ཤར་བྱུང་།།
མཇལ་ཡོང་བསམ་པ་མ་བྱུང་།།
རྟིང་མའི་ཟླ་བ་ཚུར་ཡོང་།།
ཟླ་སྟོད་ཕྱོགས་ནས་ཆས་ཡོང་།།
སྐལ་བཟང་ལགས།།
ཤར་ལ་རྒྱ་མཚོ་རི་ལ་བཤད་པ་ཡོད།
རྒྱ་མཚོ་ཤར་གྱི་རི་ལ་བཤད་པ་ཡོད།
བྲག་རི་དཀར་པོ་སེང་གེ་འགྱིངས་འདྲ་ཡོད།
རྫ་རི་སྨ྄ུག་པོ་མན་དྲལ་སྤུངས་འདྲ་ཡོད།
བྲག་དཀར་རྟ་སོ་འདྲ་རྟ་གཅིག་ཡོད།
བྲ་དམར་ཁྱུང་ཆེན་འདྲ་བའི་སྒ་གཅིག་ཡོད།
དེ་ཡི་སྟེང་དུ་ཆིབས་པའི་མི་ཕོ་དེ།
དབང་ཕྱུག་མི་ལ་རིས་པ་ངོ་མཚར་ཆེ།།