གཟིག་ལྤགས་བཀབ་པའི་བོང་བུ།

12/08/2015 21:46

གཟིག་ལྤགས་བཀབ་པའི་བོང་བུ་ཡིས། 

ལོ་ཐོག་ཟོས་མཐར་གཞན་གྱིས་བསད།

སྔོན་ཆད་ཞིག་ལ།སྡེ་བ་ཞིག་ན་མི་གཡོ་སྒྱུ་ཅན་ཞིག་ཡོད་པ་རེད། ཁོས་ནགས་ཚལ་ཞིག་བརྒྱུད་དེ་རང་ཁྱིམ་དུ་ལོག་པའི་ལམ་བར་དུ།  གཟིག་ལྤགས་ཤིག་རྙེད། ཁོས་གཟིག་ལྤགས་དེ་རང་གི་བོང་བུ་ལ་གཡོགས་པ་དང་། བོང་བུ་སྡེ་བ་དེའི་ཞིང་ནང་དུ་བཏང་ནས། ལོ་ཏོག་ཟ་རུ་བཅུག

སྡེ་བ་དེའི་མི་ཚོའི་སེམས་ལ་ཁོང་ཚོའི་ཞིང་ནང་དུ་གཟིག་ཅིག་བསླེབས་འདུག་བསམ་སྟེ། ཐམས་ཅད་སྐྲག་ནས་བོང་བུ་དེ་ཞིང་ནང་ནས་ཕར་སྐྲོད་མ་ནུས། གནས་ཚུལ་དེ་མི་གཡོ་རྒྱུ་ཅན་དེས་མཐོང་ནས། སེམས་སུ་དགའ་ཞིང་འདོད་པ་ཚིམ་ཏེ་ཉིན་རྟག་པར་རང་གི་བོང་བུ་དེ་སྡེ་བ་དེའི་ཞིང་ནང་དུ་བཏང་ནས་ལོ་ཏོག་ཟ་རུ་བཅུག

དེ་ལྟར་གཟིག་ལྤགས་བཀབ་པའི་བོང་བུ་དེས་ཉིན་མང་བོར་གང་འདོད་དུ་སྡེ་བ་དེའི་ལོ་ཏོག་ཟོས་པས། ལུས་ལ་་ཤ་ཤེད་རྒྱས་ནས་ཞིང་ནང་དུ་ཡར་རྒྱུགས་དང་མ་རྒྱུགས་བྱས་ཏེ། ལོ་ཏོག་ལ་རྨིག་བརྫིས་བྱས་ཏེ་གནོད་པ་ཆེན་པོ་བྱས། སྐབས་དེར། སྡེ་བའི་མི་རྣམས་ཀྱིས་རྡོ་དང་དབྱུག་པ་བཟུང་ནས། གཟིག་པགས་བཀབ་པའི་བོང་བུ་དེའི་མཐའ་བསྐོར་བ་དང་། ཕྱོགས་ཚང་མ་ནས་རྡོ་དང་དབྱུག་པས་བརྒྱབ་ནས་བོང་བུ་དེ་བསད་པ་དང་། དེའི་རྒྱབ་གྱི་པགས་པ་བཤོས་ནས་བལྟས་ཚེ། དེ་ནི་གཟིག་མ་ཡིན་པར་མི་གཡོ་སྒྱུ་ཅན་དེའི་བོང་བུ་ཡིན་འདུག་གོ།

  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: གཟིག་ལྤགས་བཀབ་པའི་བོང་བུ།

No comments found.

New comment