ཕག་ཕྲུག་གསུམ།

02/02/2014 09:10

 

 

༄༅།། སྔ་མོ་ཞིག་ན། ཕག་མོ་གཅིག་ལ། ཕག་ཕྲུག་གསུམ་ཡོད་པ་དང་། ཕག་མོའི་འཚོ་བ་ཧ་ཅང་ངན་ངོན་ཡིན་པས། ཕག་ཕྲུག་གསུམ་པོ་གསོ་སྐྱོང་ཡག་པོ་བྱེད་ཐུབ་གྱི་མེདཉིན་ཞིག་ཕག་མོ་དེས་ཕག་ཕྲུག་གསུམ་ལ། ད་ཁྱེད་ཚོ་ཆེན་པོ་ཆགས་ཟིན་པས། རང་རང་གི་མདུན་ལམ་འཚོལ་དུ་སོང་ཅེས་ཕག་ཕྲུག་གསུམ་པོ་ཡུལ་གཞན་དུ་མངགས།
ཕག་ཕྲུག་ཆེ་བ་དེས་ཞིང་ཁ་ཞིག་བརྒྱུད་དེ་སོང་སོང་བ་ན། སོག་མ་རྒྱབ་ལ་ཁུར་ནས་འགྲོ་བཞིན་པའི་མི་ཞིག་དང་ཐུག ཕག་ཕྲུག་གིས། སྐུ་ཞབས་ལགས། ང་ལ་སྡོད་ཁང་བཟོ་བྱེད་ཀྱི་སོག་མ་ཞིག་གནང་རོགས་ཞེས་ཞུས། མི་དེས། ཡིན་དང་ཡིན་ཞེས་ཕག་ཕྲུག་ལ་སྡོད་ཁང་བཟོ་བྱེད་དུ་སོག་མ་ཆག་གཅིག་སྤྲདཔ་རེད། དེ་ནས་ཕག་ཕྲུག་གིས་ས་དེར་སོག་མའི་སྡོད་ཁང་ཞིག་བཟོས་ཏེ་སྐྱིད་པོ་བྱས་ནས་པ་རེད།

དེ་ནས་ཅང་མ་འགོར་པར། སྤྱང་ཀི་ཞིག་གིས་ཕག་ཕྲུག་གི་སྒོ་རྡུང་ཞོར་དུ། ཡ། ཨ་རོགས་ཕག་ཕྲུག ཕག་ཕྲུག་ཆུང་ཆུང་། སྒོ་ཕྱེས། ང་ཨ་ཁུ་སྤྱང་ཀི་ཡིནཞེས་སོག་མའི་ཁང་བའི་སྒོ་ཁ་ནས་སྐད་བརྒྱབ། ཕག་ཕྲུག་གིས། མིན། ངས་སྒོ་མི་ཕྱེ། ཁྱོད་ནང་ལ་ཡོང་དུ་འཇུག་མི་ཉནཞེས་ལན་བཏབ་པ་ན། སྤྱང་ཀི་དེ་ཁོང་ཁྲོ་རབ་ཏུ་ལངས་ནས། དེ་ན། ངས་ཁྱོད་ཀྱི་ཁང་བ་ལ་ཕུ་འདེབས་ཀྱི་ཡིན་ཞེས་བཤད་པ་དང་། ཁ་ནང་ལ་དབུགས་ཆེན་པོ་གསོ་ནས། ཕག་ཕྲུག་གི་སོག་མའི་ཁང་བ་ལ་ཕུ་བཏབ། སོག་མའི་ཁང་བ་དགོང་ལ་གཏོར་ནས་ཕག་ཕྲུག་དེ་སྤྱང་ཀིས་ཟོས་པ་རེད།

དེ་ནས་ཕག་ཕྲུག་འབྲིང་བ་དེ་རི་འདབས་མང་བོ་བརྒྱུད་ནས་སོང་སོང་བ་ན། མི་ཤིང་ཁུར་མཁན་ཞིག་ལ་ཐུག ཕག་ཕྲུག་གིས་མི་དེ་ལ་གུས་ཕྱག་འབུལ་ཞོར་དུ། སྐུ་ཞབས་ལགས། ང་ལ་སྡོད་ཁང་བཟོ་བྱེད་དུ་ཤིང་ཉུང་ཉུང་ཞིག་གནང་རོགསཞེས་ཞུས། མི་དེས། ཡིན་དང་ཡིན་ཞེས། ཕག་ཕྲུག་ལ་སྡོད་ཁང་བཟོ་བྱེད་དུ་ཤིང་ཆག་གཅིག་སྤྲད་དེ་ཕྱིན་སོང་། ཕག་ཕྲུག་གིས་ས་དེར་ཤིང་ཁང་ཞིག་བཟོས་ཏེཞིས་ཆགས།
 

དེ་ནས་ཅང་མ་འགོར་པར། སྤྱང་ཀི་སླེབས་ནས་ཕག་ཕྲུག་གི་ཤིང་ཁང་སྒོ་རྡུང་ཞོར་དུ། ཡ། ཕག་ཕྲུག གཅེས་ཕྲུག ང་ལ་སྒོ་ཕྱེས། ང་ཨ་ཁུ་སྤྱང་ཀི་ཡིནཞེས་ཤིང་ཁང་གི་སྒོ་རྩ་ནསཕག་ཕྲུག་བོས། ཕག་ཕྲུག་གིས། མིན། སྒོ་མི་ཕྱེ། ཁྱོད་ནང་ལ་ཡོང་མི་ཉན་ཞེས་ལན་བཏབ། དེ་ནས་ཡང་སྤྱང་ཀི་ཁོང་ཁྲོ་རབ་ཏུ་ལངས་ཏེ་ན་རེ། ངས་ཁྱོད་ཀྱི་ཤིང་ཁང་ལ་ཕུ་འདེབས་ཀྱི་ཡིན་ཞེས་བཤད་པ་དང་། སྤྱང་ཀིས་རང་གི་ཁ་ནང་དུ་དབུགས་ཆེན་པོ་སོག་ནས་ཤིང་ཁང་བ་ལ་ཕུ་གཅིག་བཏབ་ནའང། ཤིང་ཁང་བཤིག་མ་ཐུབ། འོན་ཀྱང་། སྤྱང་ཀིས་ཡང་བསྐྱར་རང་གི་ཁ་ནང་དུ། དབུགས་སྔར་ལས་ཆེ་བ་གསོག་ནས། ཕུ་བཏབ་པ་ན། ཤིང་དུར་རྣམས་ཡར་དགོང་ལ་གཏོར་བ་དང་ཤིང་ཁང་དེ་མར་བཤིག། དེ་ནས་ཕག་ཕྲུག་འབྲིང་བ་དེང་སྤྱང་ཀིས་ཟོས་པ་རེད།

དེ་ནས་ཕག་ཕྲུག་ཆུང་བ་དེས་རྐང་ལམ་ཞིག་བརྒྱུད་དེ་སོང་སོང་བ་ན། ས་ཕག་བཟོ་བཞིན་པའི་མི་ཞིག་ལ་ཐུག ཕག་ཕྲུག་གིས་གུས་ཞབས་བྱེད་ཞོར་དུ། སྐུ་ཞབས་ལགས། ང་ལ་སྡོད་ཁང་བརྩིག་བྱེད་དུ་ས་ཕག་ཉུང་ཉུང་ཞིག་གནང་རོགས་ཞེས་ཞུས། མི་དེས་ཡིན་དང་ཡིན་ཞེས། ཕག་ཕྲུག་ལ་སྡོད་ཁང་བརྩིག་བྱེད་དུ་ས་ཕག་མི་ཉུང་བ་ཞིག་སྤྲད། ཕག་ཕྲུག་གིས་ས་དེར་ས་ཕག་གི་སྡོད་ཁང་ཞིག་བརྩིགས་ཏེ་གཞིས་ཆགས།

དེ་ནས་ཅང་མ་འགོར་པར། སྤྱང་ཀིས་ཕག་ཕྲུག་གི་ཁང་སྒོ་རྡུང་། ཡ། ཕག་ཕྲུག ཨ་ཁུའི་གཅེས་ཕྲུག ང་ལ་སྒོ་ཕྱེས། ང་ཨ་ཁུ་སྤྱང་ཀི་ཡིནཞེས་སྒོ་ཁ་ནས་སྐད་བརྒྱབ། ཕག་ཕྲུག་གིས། མིན། སྒོ་མི་ཕྱེ། ཁྱོད་ངའི་ནང་དུ་ཡོང་དགོས་དོན་མེད་ཅེས་ལན་བཏབ། དེ་ནས་སྤྱང་ཀི་ཁོང་ཁྲོ་རབ་ཏུ་ལངས་ཏེ། དེ་ན་ངས་ཁྱོད་ཀྱི་སྡོད་ཁང་ལ་ཕུ་འདེབས་ཀྱི་ཡིན་ཞེས་བཤད་པ་དང་། སྤྱང་ཀིས་རང་གི་ཁ་ནང་ལ་དབུགས་ཆེན་པོ་གསོག་ཕུ་ཡང་ནས་ཡང་དུ་བཏབ་ནའང། ཕག་ཕྲུག་ཆུང་བའི་ས་ཕག་གི་ཁང་བ་བརྟན་པོ་བརྩིགས་ཡོད་པས། རྩ་བ་ནས་མར་བཤིག་མ་ཐུབ།

ཐ་མ་སྤྱང་ཀི་འུ་ཐུག་པ་དང་། ཕུ་འདེབས་མཚམས་བཞག་སྟེ་ན་རེ། ཡ། ཕག་ཕྲུག་ལོ་ལོ། ཨ་ཁུའི་གཅེས་ཕྲུག། ངས་ཡུང་མ་ཡག་པོ་སྐྱེས་ཡོད་པའི་ས་ཆ་ཞིག་ཤེས་ཀྱིན་ཡོད་ཅེས་བཤད་མཚམས་སུ། ཕག་ཕྲུག་གིས། ཨ་ལེ། དེ་འདྲ་ཡིན་ན། ས་ཆ་གང་ཞིག་རེད་ཅེས་དྲིས། སྤྱང་ཀུ་ན་རེ། དེ ནི་ཐག་རིང་བོ་མ་རེད། སྐུ་ཞབས་སུ་མེ་ཐུའི་ཚལ་ཞིང་ནང་དུ་ཡུང་མ་ཡག་པོ་སྐྱེས་འདུག་ཅེས་བཤད་པ་དང་། གལ་ཏེ་ཚ་བོ་ཡུང་མ་བཏུ་རུ་འགྲོ་འདོད་ན། སང་ཉིན་ངེད་གཉིས་མཉམ་དུ་འགྲོ་ཆོག་ཅེས་བཤད། ཕག་ཕྲུག་གིས། ཨ་ཀུ་སྤྱང་ཀི དེ་འདྲ་ཡིན་ན་ངོ་མ་བཟང་ སང་ཉིན་ངེད་གཉིས་མཉམ་དུ་འགྲོ་ཆོག་ཅེས་ལན་འདེབས་བཞིན་ན་རེ། ཨ་ཁུ་སྤྱང་ཀི་དུས་ཚོད་ག་ཚོད་སྟེང་དུ་ཡོང་གི་ཡིན་ཞེས་དྲིས། སྤྱང་ཀི་ན་རེ། ང་ཞོགས་པ་དུས་ཚོད་དྲུག་པའི་སྟེང་ཏག་ཏག་ལ་ཡོང་གི་ཡིན་ཞེས་བཤད་ཤོར་དུ་ཕྱིར་བུད་སོང་།

ཕྱི་ཉིན་ཞོགས་པར། ཕག་ཕྲུག་དུས་ཚོད་ལྔ་བའི་ཐོག་ནས་ཡར་ལངས་ཏེ། མགྱོགས་པོར། སྐུ་ཞབས་སུ་མེ་ཐུའི་ཚལ་ཞིང་ནས་ཡུང་མ་སླེ་བོ་གང་བཏུས་ཏེ། སྤྱང་ཀི་མ་སླེབས་སྔོན་དུ་ཕྱིར་རང་གི་ནང་ལ་ལོག་པ་དང་། ཞོགས་ཇ་བསྐོལ་བཞིན་པའི་སྐབས་དེར་སྤྱང་ཀི་བསླེབས། ཁང་སྒོ་ནས། སྐད་ཆེན་པོས། ཡ། ཕག་ཕྲུག་ཆུང་ཆུང་། ད་ཡར་ལོངས་དང་ངེད་གཉིས་ཡུང་མ་བཏུ་རུ་འགྲོ། ད་དུས་ཚོད་དྲུག་ཏག་ཏག་རེད་ཅེས་བོས། ཕག་ཕྲུག་གིས། ཨ་ཁུ་ལགས། བཀའ་དྲིན་ཆེ། ང་ད་ནང་སྔ་མོ་ནས་སོང་སྟེ། ཡུང་མ་བཏུས་ནས་ཕྱིར་ཡོང་མ་ཐག་ཡིན་ཞེས་ལན་བཏབ་པ་ན། སྤྱང་ཀི་ཁོང་ཁྲོ་རབ་ཏུ་ལངས་མོད། འོན་ཀྱང་ཐབས་ཤེས་གང་ཡང་མ་རྙེད།

དེ་ནས་སྤྱང་ཀི་ཐབས་ཤེས་གཞན་ཤིག་དྲན་ཏེ། ཡ་ཕག་ཕྲུག དེ་ན་ངས་ཀུ་ཤུ་ཡག་པོ་སྐྱེས་ཡོད་པའི་ས་ཆ་ཞིག་ཤེས་ཀྱི་ཡོད་ན། ཁྱེད་རང་ཀུ་ཤུ་བཏུ་རུ་འགྲོ་འདོད་ཡོད་དམ་ཞེས་དྲིས་བ་ན། ཕག་ཕྲུག་གིས། ཨ་ལེ། ཡོད་དང་ཡོད། དེ་ན་ས་ཆ་དེ་གང་ཞིག་རེད་དམ་ཞེས་དྲིས། སྤྱང་ཀུ་ན་རེ། དེ་ས་ཐག་རིང་བོ་མ་རེད། དེ་ནི་ལྕམ་སྐུ་མེ་རེས་ཀྱི་གླིང་ཀའི་ནང་རེད། གལ་ཏེ་ཁྱོད་ལ་འགྲོ་འདོད་ཡོད་ན། སང་ཉིན་སྔ་མོ་ངེད་གཉིས་མཉམ་དུ་འགྲོ་ཆོག་ཅེས་བཤད། ཕག་ཕྲུག་གིས། ཨ་ཁུ། དེ་་ངོ་མ་བཟང་སང་ཉིན་ངེད་གཉིས་མཉམ་དུ་འགྲོ་ཞེས་ལན་འདེབས་ཞོར་ན་རེ། དེ་ན་སང་ཉིན་ཁྱོད་དུས་ཚོད་ག་ཚོད་ལ་ཡོང་གི་ཡིན་ཞེས་དྲིས། སྤྱང་ཀུ་ན་རེ། ང་སང་ཉིན་ཞོགས་པར། དུས་ཚོད་ལྔ་བ་ཏག་ཏག་ལ་ཡོང་གི་ཡིན་ཞེས་བཤད་ཞོར་དུ་རང་གི་ནང་ལ་ཕྱིན་སོང་།

ཕྱི་ཉིན་ཞོགས་པར། ཕག་ཕྲུག་དེ་དུས་ཚོད་བཞི་བའི་ཐོག་ནས་ཡར་ལངས་ཏེ། མགྱོགས་པོར་ལྕམ་སྐུ་མེ་རེས་ཀྱི་གླིང་ཀ་རུ་སོང་། ཡིན་ཡང་གླིང་ཀ་དེ་ས་ཐག་ཤིན་ཏུ་རིང་བས། ལམ་བར་དུ་དུས་ཚོད་མང་བོ་འགོར། གླིང་ཀ་དེར་ཐོན་པ་དང་། ཀུ་ཤུའི་སྡོང་བོའི་མགོར་ཡར་འཛེག་ཏེ། ཀུ་ཤུ་འཐུ་བཞིན་པའི་སྐབས་དེར། སྤྱང་ཀི་འདུར་རྒྱུག་བྱེད་བཞིན་ཡོང་བཞིན་པ་མཐོང་། སྤྱང་ཀིས་ཀྱང་ཕག་ཕྲུག་གིས་སྡོང་མགོ་ནས། ཀུ་ཤུ་འཐུ་བཞིན་པ་མཐོང་བ་དང་། ཁ་ནས། ཡ། ཕག་ཕྲུག ཡང་ཁྱོད་སྔོན་ལ་བསླེབསའདུག ཀུ་ཤུ་ཡག་པོ་འདུག་གམ། ཞེས་དྲིས། ཕག་ཕྲུག་གིས་སྡོང་མགོ་ནས། ཨ་ཁུ་ལགས། ངོ་མ་བཀའ་དྲིན་ཆེ། ཀུ་ཤུ་
ངོ་མ་ཡག་པོ་འདུག ཁྱེད་རང་གིས་ཀུ་ཤུ་གཅིག་བཞེས་དང་ཞེས་ཤུགས་ཆེན་པོས་ཀུ་ཤུ་གཅིག་ཐག་རིང་བོ་ལ་གཡུག་པ་རེད། སྤྱང་ཀི་ཀུ་ཤུ་ལྷུང་ས་དེའི་རྗེས་སུ་རྒྱུགས་སོང་བའི་ཚེ།ཕག་ཕྲུག་དེ་མ་ཐག་མར་སྡོང་མགོ་ནས་མཆོང་བ་དང་། རང་གི་ནང་ལ་བྲོས་སོང་།

ཕྱི་ཉིན་ཡང་བསྐྱར་སྤྱང་ཀི་ཕག་ཕྲུག་གི་ཁང་སྒོར་སོང་སྟེ། ཡ། ཕག་ཕྲུག ཁམས་བཟང་། དེ་རིང་ཁྲོམ་སྲང་དུ། མཛད་སྒོ་ཆེན་པོ་ཞིག་འདུག ཁྱེད་རང་འགྲོ་འདོད་ཡོད་དམཞེས་དྲིས། ཕག་ཕྲུག་གིས། ཡོད་དང་ཡོད། ང་ལ་འགྲོ་འདོད་ཡོད་ཅེས་བཤད་པ་དང་།ངེད་གཉིས་ག་དུས་འགྲོ་གི་ཡིན་ཞེས་སྤྱང་ཀི་ལ་དྲིས། སྤྱང་ཀིས། འོ། དེ་ན། དུས་ཚོད་གསུམ་པ་ལ་ངེད་གཉིས་མཉམ་དུ་འགྲོ་ཞེས་བཤད་ནས་ཕྱིན་སོང།

དེ་ནས་ཕག་ཕྲུག་ཉིན་གུང་དུས་ཚོད་གཉིས་པའི་ཐོག་ལ་ཁྲོམ་དུ་ཕྱིན་པ་དང་། ཁྲོམ་ནས་ལྕགས་ཟོ་གཅིག་ཉོས་ཏེ། ཕྱིར་ནང་ལ་ལོག་ཡོང་བའི་ལམ་བར་དུ། སྤྱང་ཀི་ཡོང་བཞིན་པ་མཐོང་། དེ་ནས་ཕག་ཕྲུག་ལྕགས་ཟོའི་ནང་ལ་འཛུལ་ཏེ་སར་རིལ། ལྕགས་ཟོ་དེ་ས་ནས་མར་རིལ། ལྕགས་ཟོ་རིལ་བའི་ངང་ཚུལ་དེ། སྤྱང་ཀིས་མཐོང་ནས་རབ་ཏུ་སྐྲག་སྟེ་ཁ་ཕྱིར་འཁོར་ནས་ནང་དུ་བྲོས།

ཅུང་ཙམ་ནས། སྤྱང་ཀི་ཕག་ཕྲུག་གི་སྒོ་དྲུང་དུ་ཕྱིན་ནས་ན་རེ། ལམ་བར་དུ་བྱུང་བའི་གནས་ཚུལ་རྣམས་ཕག་ཕྲུག་ལ་བཤད། ཕག་ཕྲུག་གིས། ཧ་ཧ།། ངས་ཚོང་རྭ་ནས་ལྕགས་ཟོ་གཅིག་ཉོས་ཏེ། ཕྱིར་ནང་དུ་ཡོང་བཞིན་ཡོད་དུས། ངས་ཁྱེད་རང་མཐོང་ནས། ང་ལྕགས་ཟོའི་ནང་དུ་འཛུལ་ཏེ། རི་ངོགས་ནས་མར་རིལ་ཏེ་ཁྱེད་རང་ལ་འཇིགས་སྐུལ་བ་ཡིན་ཞེས་བཤད། དེ་ནས་སྤྱང་ཀི་ཁོང་ཁྲོ་རབ་ཏུ་ལངས་ཏེ། ང་ཁྱོད་ཀྱི་ཁང་བའི་སྟེང་ནས་མར་བབས་ཏེ། ཁྱོད་ཟ་ཁོ་ཐག་ཡིན་ཞེས་བཤད་ཞོར་ཡར་ཁང་བའི་འགོརའཛེགས།

དེ་ནས་ཕག་ཕྲུག་གིས་ཟང་ང་ཆེན་པོ་ཞིག་གི་ནང་དུ་ཆུ་གང་བླུག་ནས་ཐབ་ཀའི་སྟེང་ལ་བསྐྱོན། དེ་ནས་ཐབ་ནང་དུ་མེ་ཆེན་པོ་བཞག སྤྱང་ཀི་ཁང་བའི་སྐར་ཁུང་ནང་ནས་མར་མཆོང་བ་ན། ཐབསྟེང་གི་ཟང་ངའི་ནང་ལྷུང་། དེ་མ་ཐག་ཕག་ཕྲུག་གིས་ཟང་ངའི་ཁ་བརྒྱབ་པ་དང་། ཐབས་ནང་དུ་མེ་སྔར་ལས་ཆེ་བཏང་སྟེ། སྤྱང་ཀུ་བཙོས་བཞག་པ་རེད།

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ཕག་ཕྲུག་གསུམ།

No comments found.

New comment