ཚན་རིག་པ་གྲགས་ཆེན།

02/09/2014 22:09

The world is a dangerous place to live; not because of the people who are evil, but because of the people who don't do anything about it.

Albert Einstein

 

འཇིག་རྟེན་ནི་ཉེན་ཁ་ཅན་གྱི་འཚོ་གནས་བྱེད་ས་ཞིག་རེད། དེ་ནི་མི་རྣམས་གདུག་པ་ཅན་ཡིན་པས་མ་ཡིན་པར། མི་རྣམས་ཀྱིས་ཉེན་ཁ་དེར་ཅི་མི་སྙམ་པར་སྡོད་པའི་རྒྱུ་མཚན་ཀྱིས་རེད།


Learn from yesterday, live for today, hope for tomorrow. The important thing is not to stop questioning.

Albert Einstein

ཁ་སང་ལས་བསླབ་བྱ་ལེན་པ་དང་།  དེ་རིང་གི་ཆེད་དུ་འཚོ་བ། སང་ཉིན་ལ་རེ་བ་བྱེད་པ། དེ་བཞིན་དྲི་བ་འདོན་མཚམས་མི་འཇོག་པ་ནི་གལ་ཆེན་པོ་རེད།

 

A person who never made a mistake, never tried anything new.

Albert Einstein

ནོར་འཁྲུལ་རྩ་བ་ནས་བྱེད་མ་མྱོང་བའི་མི་དེས། བྱ་བཞག་གསར་བ་གང་ལའང་ཚོད་ལྟ་བྱེད་མྱོང་ཡོད་པ་མ་རེད།

 

Intellectuals solve problems, geniuses prevent them.

Albert Einstein

སྦྱངས་སྟོབས་ཅན་ཚོས་དཀའ་རྙོག་སེལ་ལ། སྐྱེས་སྦྱངས་གཉིས་འཛོམས་ཅན་རྣམས་ཀྱི་དཀའ་རྙོག་སྔོན་འགོག་བྱེད།


The only source of knowledge is experience.

Love,Falling

ཤེས་ཡོན་ཀྱི་འབྱུང་ཁུངས་འབའ་ཞིག་ནི་ཉམས་མྱོང་ཡིན།

 

The true sign of intelligence is not knowledge but imagination.

Albert Einstein

 

རྣམ་དཔྱོད་ཀྱི་ཚོན་རྟགས་ཡང་དག་པ་ནི་ཤེས་ཡོན་མ་ཡིན་པར། དམིགས་འདུན་ཡིན་པ་རེད། 
 

Only a life lived for others are a life worthwhile.

Albert Einstein

གཞན་དོན་དུ་བསྐྱལ་བའི་མི་ཚེ་ནི་ཆེས་རིན་ཐང་ལྡན་པའི་མི་ཚེ་དེ་ཡིན།

 

If you can't explain it simply, you don't understand it well enough.

Albert Einstein

གལ་ཏེ་ཁྱོད་ཀྱིས་འགྲེལ་བརྗོད་ལས་སླ་བོ་བྱེད་མ་ཐུབ་་ན། དེ་ནི་ ཁྱོད་ཀྱི་ཤེས་རྟོགས་བྱང་ཆུབ་པ་ལེན་ཐུབ་མེད་པས་ཡིན་ངེས།


It's not that I'm so smart; it's just that I stay with problems longer.

Albert Einstein

འདི་ནི་ང་སྤྱང་གྲུང་ལྡན་པ་ཞིག་ཡིན་པས་་མ་རེད་དེ། ང་དཀའ་རྙོག་ལ་འགྲོག་རྒྱུན་རིང་བས་རེད།


Look deep into nature, and then you will understand everything better.

Albert Einstein

དངོས་པོའི་གཤིས་ལུགས་ལ་ལྟ་བའི་ཚེ། གཏིང་ཟབ་ས་ན་ལྟ་དགོས། དེ་ནས་ཆོས་ཐམས་ཅད་ཀྱི་དོན་སྔར་ལས་ཡག་པོ་རྟོགས་ཐུབ།


Science without religion is lame, religion without science is blind.

Albert Einstein

ཆོས་ལུགས་དང་མ་འདྲེས་པའི་ཚན་རིག་ནི་ཞ་བོ་དང་འདྲ་ལ། ཚན་རིག་དང་མ་འདྲེས་པའི་ཆོས་ལུགས་ནི་ལོང་བ་དང་འདྲ།


Peace cannot be kept by force; it can only be achieved by understanding.

Albert Einstein

བཙན་དབང་ལ་བརྟེན་ནས་ཞི་བདེ་བསྐྲུན་མི་ཐུབ་ལ།   ཞི་བདེ་ནི་ཤེས་རྟོགས་ལ་བརྟེན་ནས་ཡོང་ཐུབ་པ་ཞིག་རེད།

 

A man who dares to waste one hour of time has not discovered the value of life.

Charles Darwin

དུས་ཚོད་གཅིག་གི་དུས་ཡུན་ཆུད་ཟོས་སུ་གཏོང་མཁན་གྱི་མི་དེས་མི་ཚེའི་རིན་ཐང་རྟོགས་མེད་པ་རེད།


A man's friendships are one of the best measures of his worth.

Charles Darwin

མི་ཞིག་གི་གྲོགས་འབྲེལ་དེ་ནི་རང་གི་རིན་ཐང་ལ་ཚད་འཇལ་བྱེད་ཀྱི་དངོས་པོ་ཡག་ཤོས་ཤིག་ཡིན།


If the misery of the poor be caused not by the laws of nature, but by our institutions, great is our sin.

Charles Darwin

དབུལ་ཕོངས་ཀྱི་སྡུག་བསྔལ་ནི་རང་བྱུང་ཁམས་ཀྱིས་བཟོས་པ་ཞིག་མིན་ལ། དེ་ནི་ང་ཚོའི་ཚོགས་སྡེ་དག་དང་སྡིག་ཉེས་ཀྱིས་བཟོས་པ་རེད།

 

The highest possible stage in moral culture is when we recognize that we ought to control our thoughts.

Charles Darwin

ཚད་གཞི་ཆེས་མཐོ་བའི་བཟང་སྤྱོད་ཀྱི་རིག་གཞུང་གི་སྡིངས་ཆ་དེ་ནི། ང་ཚོས་རང་གི་བསམ་བློའི་གཏོང་ཕྱོགས་ལ་སྟངས་འཛིན་བྱེད་པ་ངོས་ཟིན་ཐུབ་པ་དེ་ཡིན།

 

We cannot teach people anything; we can only help them discover it within themselves.

Galileo Galilei

ང་ཚོས་མི་ལ་ཐམས་ཅད་འཁྲིད་མི་ཐུབ། ཡིན་ན་ང་ཚོས་ཐུབ་པའི་བྱ་བ་ནི་མི་ལ་རོགས་རམ་བྱས་ཏེ་རང་ཉིད་འཚོལ་དུ་འཇུག་རྒྱུ་དེ་རེད།


All truths are easy to understand once they are discovered; the point is to discover them.

Galileo Galilei

བདེན་པ་བཙལ་དགོས། བཙལ་ནས་རྙེད་པ་ན། རྟོགས་ཁག་པོ་ཞིག་མ་རེད།


I have never met a man so ignorant that I couldn't learn something from him.

Galileo Galilei

ཤིན་ཏུ་རྨོངས་བའི་མི།  སློབ་སྦྱོང་ལེན་རྒྱུ་མེད་པ་ཞིག་ལ་ང་རྩ་བ་ནས་ཐུག་མ་མྱོང།


Imagination will often carry us to worlds that never were. But without it we go nowhere.

Carl Sagan

དམིགས་འདུན་གྱིས་ང་ཚོ་སྔན་ཆད་འགྲོ་མ་མྱོང་བའི་འཇིག་རྟེན་དུ་ཁྱེར་ནས་འགྲོ། དམིགས་འདུན་མེད་ན་ང་ཚོ་གང་ལའང་ཐོན་མི་ཐུབ།


Science is a way of thinking much more than it is a body of knowledge.

Carl Sagan

ཚན་རིག་ནི་ཕྱི་དངོས་པོའི་སྐོར་གྱི་ཤེས་བྱ་ཞིག་མ་ཡིན་པར། དེ་ལས་ལྷག་པར་བསམ་བློ་གཏོང་སྟངས་ཤིག་རེད།


Work gives you meaning and purpose and life is empty without it.

Stephen Hawking

ལས་ཀས་རང་གི་མི་ཚེ་ལ་དོན་སྙིང་སྟེར་ཞིང་།ལས་ཀ་མེད་ན་མི་ཚེ་སྟོང་བ་ཡིན། 


The first principle is that you must not fool yourself and you are the easiest person to fool.

Richard P. Feynman

རང་མགོ་རང་གིས་མི་གཡོག་པ་དེ་རྩ་དོན་དང་པོ་ཡིན། རང་ཉིད་ནི་ཆེས་མགོ་གཡོག་སླ་བའི་མི་དེ་ཡིན།

 
མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་གནང་།
 
 

Topic: ཚན་རིག་པ་གྲགས་ཆེན།

No comments found.

New comment