༄༅།། གྲུ་འཛིན་རི་བོའི་གཞས་ཚིག

28/07/2011 09:37

 

༄༅།། གྲུ་འཛིན་རི་བོའི་རྩེ་ནས།།

སྙིང་རྗེའི་ཆ་ཤས་རྫོགས་པའི།།

དཀར་གསལ་མཚན་དཔེའི་ཟླ་བ།།

ཡིད་ཀྱི་དཔྱིད་དུ་ཤར་ཡོད།།

 

གཏན་བདེའི་ལམ་བཟང་སྟོན་པའི།།

དྲུག་ལྡན་ཚང་བའི་དབྱངས་སྙན།།

ཐོབ་པས་ངོམས་པ་མེད་ཀྱང་།།

དྲི་ཟ་དགའ་བའི་རྒྱུད་མང་།།

 

དོན་གཉིས་སྦྲང་རྩིས་གཏམས་པའི།།

གཞན་ཕན་འདབ་མ་སྟོང་ལྡན།།

བདེ་སྐྱིད་གསེར་གྱི་པད་མོ།།

བསྟན་འགྲོའི་རྒྱུན་དུ་ཆེ་སོང་།།