ཁེད།

01/08/2013 22:45

 

 ༡ མཚོ་ཡི་ནང་དུ་བ་མོ་དམར་པོས་རྐྱལ་བརྒྱབ་པ་ཤོད། མཆོད་མེ།

༢ བྲག་ཕུག་ཅིག་གི་ནང་དུ་ཨ་ནེ་ཞིག་གིས་ཞབས་བྲོ་འཁྲབ་པ་ཤོད། ཁ་ནང་གི་ལྕེ།

༣ ས་ལ་འཛུལ་དུས་ཨ་ནེ་དང་ཡར་ཐོན་དུས་དམག་མི་ཡིན་པ་ཤོད། པད་ཚལ།

༤ སྒང་དུ་འཁོར་ལོ་བསྐོར། བར་དུ་ཕར་འགྲོ་ཚུར་འགྲོ། འོག་ཏུ་ཞབས་བྲོ་འཁྲབ་པ་ཤོད། ཐག་འཐག་པ།

༥ བུས་ཕ་བརྡུང་། ཕ་སྡུག་སྐད་ཤོར་བ་ཤོད། རྔ་བརྡུང་བ།

༦ མ་རྒན་སོ་མེད་ཀྱི་ཁས་རྒྱུ་མ་གཅོད་པ་ཤོད། བཙོག་ཆེན་གཏོང་བ།

 

ས་སྐྱ་བ་བསོད་ཚེས་བསྡུ་སྒྲིག་བྱས།