ཁྲུང་ཁྲུང་སྤུན་གསུམ།

24/05/2015 20:19

ཁྲུང་ཁྲུང་སྤུན་གསུམ།

ཉིན་ཞིག་ལ།ཁྲུང་ཁྲུང་སྤུན་གསུམ་གྱིས་རྫིང་བུ་ཞིག་ཏུ་ཉ་མང་བོ་བཟུང་ནས་ཟོས་པ་དང་།ཟས་མ་ཚར་བའི་ཉ་ཆེན་པོ་ཞིག་ལྷག་པ་དེ། ཕྱི་ཉིན་ཟ་ཆེད་ས་འོག་ཏུ་སྦས་པ་རེད།
ཁྲུང་ཁྲུང་སྐེ་ནག་གིས། དགུང་ནས་ཤར་བའི་ཉི་མ་ལ་བལྟས་ཏེ། ཉ་དེ་ཉི་མའི་འོག་ཏུ་སྦས་ཡོད་པ་སེམས་ལ་བཟུང་ནས་འཕུར། ཁྲུང་ཁྲུང་མཇུག་ནག་གིས། དགུང་ལ་རྒྱུ་བའི་སྤྲིན་དཀར་ལ་བལྟས་ཏེ། ཉ་དེ་སྤྲིན་དཀར་གྱི་འོག་ཏུ་སྦས་ཡོད་པ་སེམས་ལ་བཟུང་ནས་འཕུར། ཁྲུང་ཁྲུང་དཀར་མོ་དེས་རྫིང་བའི་འགྲམ་གྱི་ལྕང་སྡོང་ལ་བལྟས་ཏེ། ཉ་དེ་ལྕང་སྡོང་གི་འགྲམ་དུ་སྦས་ཡོད་པ་སེམས་ལ་བཟུང་ནས་འཕུར།

ཕྱི་ཉིན། ནམ་ལངས་ནས་ཉི་མ་ཤར་བ་ན། ཁྲུང་ཁྲུང་གསུམ་པོ། གཉིད་ལས་སད་དེ། ས་འོག་ཏུ་སྦས་པའི་ཉ་དེ་འཚོལ་དུ་ཕྱིན། ཁྲུང་ཁྲུང་སྐེ་ནག་ཉི་མའི་ཕྱོགས་སུ་འཕུར་བ་དང་། ཁྲུང་ཁྲུང་མཇུག་ནག་སྤྲིན་དཀར་གྱི་ཕྱོགས་སུ་འཕུར། ཁྲུང་ཁྲུང་དཀར་མོ་དེ་རྫིང་བའི་འགྲམ་དུ་འཕུར་ནས་མར་ལྕང་སྡོང་གི་རྩར་བབས་པ་དང་ཉ་ཆེན་པོ་དེ་རྙེད་ནས་ཟོས་པ་རེད།།

  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག