བོད་ཡིག་ཅིག་གི་སྒེང་ལ་ཐུག་ཡོང་དུས་འུ་ཐུག་ནས་སྡོད་དགོས་པ་ཞིག་ཆགས་ཀྱི་ཡོད་ན་དེ་ཡང་འཐུས་ཤོར་ཕྱིན་པ་རེད།

21/07/2013 13:38

བོད་ཡིག་ཅིག་གི་སྒེང་ལ་ཐུག་ཡོང་དུས་འུ་ཐུག་ནས་སྡོད་དགོས་པ་ཞིག་ཆགས་ཀྱི་ཡོད་ན་དེ་ཡང་འཐུས་ཤོར་ཕྱིན་པ་རེད།

རྒྱལ་བའི་བཀའ་སློབ།

༄༅།། དེ་རིང་ཁ་སང་གི་དུས་ཚོད་འདིར། ང་རང་ཚོས་ཕྱོགས་གཅིག་ནས་རྒྱ་མི་ལ་བོད་ཀྱི་རིག་གཞུང་རྩ་མེད་བཟོ་ཡི་འདུག་ཅེས་ཕར་སྐད་རྒྱག་གི་ཡོད་པ་རེད། ཁ་དེ་ཚུར་བསློགས་ནས་བལྟས་ན། ང་རང་ཚོ་མིའི་ལུང་པར་བསྡད་ནས་བོད་ཀྱི་རིག་གཞུང་ཐོག་ལ་དོ་སྣང་ག་འདྲ་བྱས་འདུག རང་རང་སྒེར་སོ་སོའི་ངོས་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་གཅེས་སྐྱོང་ག་ཚོད་བྱས་འདུག དོ་སྣང་དང་གཅེས་སྐྱོང་བྱས་དང་མ་བྱས་ད་ལྟ་སོ་སོས་བོད་ཡིག་ཅིག་འབྲི་དགོས་བྱུང་ན་བདེ་ལོད་ག་འདྲ་འདུག་གམ། བོད་ཡིག་ཅིག་ཀློག་དགོས་བྱུང་ན་གོ་བ་ག་འདྲ་ཆགས་ཀྱི་འདུག་གམ། སངས་རྒྱས་ཀྱི་གསུང་རབ་དང་། དེ་བཞིན་ཐུན་མོང་གི་རིག་གནས་ཚོའི་སྐོར་ལ་དཔེ་ཆ་ཀློག་པ་ཡིན་ན་སོ་སོས་ག་ཚོད་ཙམ་ཞིག་ཤེས་ཀྱི་འདུག་གམ། དེ་ཚོའི་ཐོག་ལ་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག དབྱིན་ཇིའི་ཚགས་པར་དང་ཡི་གེའི་ནང་ལ་ཡོད་པའི་གནས་ཚུལ་ཞིག་མཐོང་བ་ཡིན་ན་ལས་སླ་པོ་ཤེས་ཀྱི་ཡོད་པ། བོད་ཡིག་ཅིག་གི་སྒང་ལ་ཐུག་ཡོང་དུས་འུ་ཐུག་ནས་སྡོད་དགོས་པ་ཞིག་ཆགས་ཀྱི་ཡོད་ན་དེ་ཡང་འཐུས་ཤོར་ཕྱིན་པ་རེད། ཕར་ཕྱོགས་དེར་རྒྱ་མིས་བོད་ཀྱི་རིག་གཞུང་ལ་སྐྱོན་དུ་བལྟས་ནས་བསམ་བཞིན་དུ་རྩ་མེད་བཟོ་ཡི་ཡོད་པ་དེ་དང་། ཚུར་ཕྱོགས་དེར་ང་རང་ཚོའི་ངོས་ནས་སོ་སོའི་རིག་གཞུང་ལ་དོ་སྣང་མ་བྱུང་བ་དང་། ལྷོད་ཡངས་ཀྱིས་རྐྱེན་པས་སློབ་སྦྱོང་ཇི་བཞིན་མ་བྱས། གནས་ཚུལ་མ་ཤེས་པར་ལུས་བསྡད་འདུག་ན། དེ་གཉིས་པོ་རིག་གཞུང་ཉམས་ཆགས་ཕྱིན་པ་གཅིག་པ་རེད།