བོད་སྐད་ལབ་རོགས།

24/07/2016 20:39

བོད་སྐད་ལབ་རོགས།

ས་ལེ་རྒྱལ་ཐོག་མར་བལ་ཡུལ་དུ་སླེབས་ནས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་དུ། ཐང་ཁྲོམ་བཤམས་པའི་བོད་མི་ཞིག་དང་འཕྲད་དེ། ཀ་ཡེ། སྣེ་ལེན་ཁང་གང་དུ་ཡོད་པ་རེད་ཅེས་སྐད་ཆ་དྲིས་པར།

 

བོད་མི་དེས། ཨ་ལེ། གསར་འབྱོར་ཡིན་པེ། ག་རེ་ལབ་གྱི་ཡོད་ཅེས་ལན་བཏབ། ཁོས་ཡང་བསྐྱར། ངས་སྣེ་ལེན་ཁང་འཚོལ་གྱི་ཡོད་ཅེས་བཤད་པར། མི་དེས། ཁྱོད་ཀྱི་སྐད་དེ་ག་འདྲའི་གོ་དཀའ་བ་ལ། སྐུ་མཁྱེན། བོད་སྐད་ལབ་རོགས་གནང་ཞེས་བཤད།

 

ས་ལེ་རྒྱལ་གྱིས་ངས་བོད་སྐད་བཤད་གྱི་ཡོད་ཅེས་ལན་བརྒྱབ། མི་དེས། དགོངས་དག ཁྱོད་ཀྱིས་ཨམ་སྐད་བཤད་ཀྱི་འདུག  ངས་མགོ་ཚོས་ཀྱི་མི་འདུག་ཅེས་ལན་བཏབ།

དེ་ནས་ས་ལེ་རྒྱལ་ཁྲོང་ཁྲོ་ལངས་ཏེ། ཨམ་སྐད་བོད་སྐད་མིན་ནམ་ཅི་ཞིག་རེད། ཁྱེད་ཀྱིས་ང་ལ་མཐོང་ཆུང་བྱེད་དགོས་དོན་ཅི་ཡིན་ནམ་ཞེས་སྐད་བརྒྱབ།

 

སྐབས་དེར་བུད་མེད་ཅིག་ཁོའི་མདུན་དུ་ཡོང་སྟེ། ཀ་ཡེ། གསར་འབྱོར། ཁྱོད་ལ་ག་རེ་བྱས་སོང་། གསར་རྟགས་མ་སྟོན་ལོ་ཞེས་བཤད།

 

ཁོ་ན་རེ། ངས་གསར་རྟགས་སྟོན་གྱི་མེད། མི་འདིས་ང་ལ་བོད་སྐད་ལབ་རོགས་ཞེས་ཁྱད་གསོད་བྱེད་ཀྱི་འདུག་ཅེས་བཤད་པར། བུད་མེད་དེས། ཀ་ཡེ། ག་རེ་ལབ་གྱི་ཡོད།  ཁྱོད་ཀྱིས་ཨམ་སྐད་ལབ་གྱིན་འདུག་ཅེས་བཤད།

 

དེ་ནས་ས་ལེ་རྒྱལ་སྔར་ལས་ལྷག་ཏུ་ཁོང་ཁྲོ་ལངས་ནའང་། བལ་ཡུལ་ནང་གསར་དུ་འབྱོར་བ་ཡིན་པས། ཅི་བྱེད་འདི་བྱེད་མེད་པར་གནས་དགོས་བྱུང་བ་རེད།  

མཁས་གྲུབ་གྱིས་བྲིས་པ་དང་། ལྕགས་མོ་འཚོས་ལེགས་བཅོས་བྱས།