སྐྲ་སེར་བུ་མོ་དང་དོམ་གསུམ།

02/02/2014 09:07

 

དུས་སྐབས་ཤིག་ན། ནགས་གསེབ་ཅིག་ཏུ་ཁང་བ་ཆུང་ཆུང་ཞིག་ཡོད་པ་དང་། ཁང་བ་དེའི་ནང་དུ་དོམ་གསུམ་བསྡད་ཡོད་ལ།དོམ་གཅིག་ཆེན་པོ་དང་། དོམ་གཅིག་འབྲིང་བ། དོམ་གཅིག་ཆུང་ཆུང་ཞིག་ཡིན་པ་རེད།


དོམ་དེ་གསུམ་ལ་ཕོར་བ་རེ་རེ་ཡོད་ཅིང་། དོམ་ཆུང་ཆུང་ལ་ཕོར་བ་ཆུང་ཆུང་དང་། དོམ་འབྲིང་བར་ཕོར་བ་འབྲིང་བ།དོམ་ཆེན་པོ་ལ་ཕོར་བ་ཆེན་པོ་བཅས་ཡོད་པ་རེད།
དོམ་རེ་རེ་ལ་རྐུབ་སྟེགས་ཀྱང་རེ་རེ་ཡོད། དོམ་ཆུང་ཆུང་ལ་རྐུབ་སྟེགས་ཆུང་ཆུང་། དོམ་འབྲིང་བ་ལ་རྐུབ་སྟེགས་འབྲིང་བ། དོམ་ཆེན་པོ་ལ་རྐུབ་སྟེགས་ཆེན་པོ་བཅས་ཡོད་པ་རེད།
དོམ་རེ་རེ་ལ་ཉལ་ཁྲིའང་རེ་རེ་ཡོད། དོམ་ཆུང་ཆུང་ལ་ཉལ་ཁྲི་ཆུང་ཆུང་། དོམ་འབྲིང་བ་ལ་ཉལ་ཁྲི་འབྲིང་བ། དོམ་ཆེན་པོ་ལ་ཉལ་ཁྲི་ཆེན་པོ་བཅས་ཡོད་པ་རེད།

ཞོགས་པ་ཞིག་ལ། དོམ་གསུམ་གྱིས་འབྲས་ཐུག་ཅིག་བསྐོལ་ཏེ་ཕོར་བ་རེ་རེའི་ནང་ལ་བླུགས། ཡིན་ཡང་འབྲས་ཐུག་ཧ་ཅང་ཚ་དྲགས་པས། ཁང་བའི་ཕྱི་ལོག་གི་ནགས་ཚལ་ཁྲོད་དུ་སྤྲོ་བསང་ལ་ཕྱིན།
སྐབས་དེར། མིང་ལ་སྐྲ་སེར་མོ་ཞེས་འབོད་པའི་བུ་མོ་ཆུང་ཆུང་ཞིག་དོམ་གསུམ་སྡོད་སའི་ཁང་སྒོ་རུ་སླེབས། དང་པོ། མོས་སྒེའུ་ཁུང་ལས་ཁང་བའི་ནང་དུ་བལྟས། དེ་ནས་སྒོ་གསེབ་ནས་ཡར་ཁང་བའི་ནང་དུ་བལྟས། ཁང་བའི་ནང་དུ་མི་གཅིག་ཀྱང་མེད་པ་ཧ་གོ་བ་དང་། སྐྲ་སེར་བུ་མོ་ཁང་བའི་ནང་དུ་འཛུལ།
དོམ་གསུམ་གྱིས་གཞན་ལ་གནོད་སྐྱེལ་མྱོང་མེད་པས། གཞན་ཞིག་ཁོང་ཚོའི་ཁང་བའི་ནང་དུ་འཛུལ་ཡོང་བསམ་པའི་དོག་པ་མེད་སྟབས། བསམ་བཞིན་དུ་སྒོ་ལ་ཟྭ་བརྒྱབ་མེད།

སྐྲ་སེར་བུ་མོ་ཁང་བའི་ནང་དུ་ཡར་འགྲོ་དུས། ཐུག་དྲི་ཞིམ་པོ་ཞིག་གིས་ཁང་བའི་ནང་ཁྱབ་འདུག མོ་ཐབ་ཚང་ནང་དུ་སོང་བས་ན། མདུན་ཅོག་ཅིག་གི་སྟེང་དུ། ཕོར་བ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ་ཐུག་པ་རེ་བླུགས་ནས་བཞག་ཡོད་པ་མཐོང་། སྐྲ་སེར་བུ་མོས་ཐུག་པ་སུ་ཞིག་གི་ཡིན་མིན་ལ་བསམ་བློ་མ་བཏང་བར། དགའ་ཞོར་ཐུག་པ་འཐུང་།
དང་པོ། མོས་ཕོར་བ་ཆེན་པོའི་ནང་གི་ཐུག་པའི་བྲོ་བར་ལྟ་དུས། ཕོར་བ་ཆེན་པོའི་ནང་གི་ཐུག་པ་ཚ་ཆེ་ཡོད་པ་རེད། དེ་ནས་མོས་ཕོར་བ་འབྲིང་བའི་ནང་གི་ཐུག་པའི་བྲོ་བར་བལྟས་པ་རེད། ཕོར་བ་འབྲིང་བའི་ནང་གི་ཐུག་པ་གྲང་ཆེ་ཡོད་པ་རེད།
དེ་ནས་མོས་ཕོར་བ་ཆུང་བའི་ནང་གི་ཐུག་པའི་བྲོ་བར་བལྟས་པ་དང་། ཕོར་ཆུང་བའི་ནང་གི་ཐུག་པ་གྲང་ཆེ་མེད་ལ་ཚའང་མི་ཆེ་བར་ཏག་ཏག་ཡིན་པས། སྐྲ་སེར་བུ་མོ་ཤིན་ཏུ་དགའ་སྟེ། ཕོར་བ་ཆུང་བའི་ནང་གི་ཐུག་པ་ཚང་མ་འཐུངས་པ་རེད།
སྐྲ་སེར་བུ་མོས་ཕོར་བ་ཆུང་བའི་ནང་གི་ཐུག་པ་འཐུང་ཚར་བ་དང་། མོ་དོམ་གསུམ་གྱི་སྡོད་ཁང་དུ་སོང་། སྡོད་ཁང་ནང་དུ། རྐུབ་སྟེགས་ཆེ་ཆུང་གསུམ་གྲལ་བསྒྲིགས་ཡོད་པ་རེད།
དང་པོ། མོ་རྐུབ་སྟེགས་ཆེན་པོ་དེའི་སྟེང་དུ་བསྡད་དེ་། སྐྱིད་པོ་ཨེ་འདུག་བལྟས། རྐུབ་སྟེགས་དེ་ཧ་ཅང་ཆེ་ཡོད་པ་རེད། དེ་ནས་མོ་རྐུབ་སྟེགས་འབྲིང་བ་དེའི་སྟེང་དུ་བསྡད་དེ། སྐྱིད་པོ་ཨེ་འདུག་བལྟས། རྐུབ་སྟེགས་དེ་ཧ་ཅང་འཇམ་དྲགས་ཡོད་པ་རེད། དེ་ནས་མོ་རྐུབ་སྟེགས་ཆུང་ཆུང་དེའི་སྟེང་དུ་བསྡད་དེ། སྐྱིད་པོ་ཨེ་འདུག་བལྟས། རྐུབ་སྟེགས་དེ་ནི་སྲ་ཆེ་མེད་ལ། འཇམ་མི་དྲགས་པར། ཧ་ཅང་སྐྱིད་པོ་ཡོད་པས། མོ་ཤིན་ཏུ་དགའ་སྟེ། རྐུབ་སྟེགས་དེའི་སྟེང་དུ་བསྡད་དེ། མདུན་རྒྱབ་གཉིས་ལ་ཕར་གཡུག་དང་ཚུར་གཡུག་བྱས་པ་ན། ཅང་མ་འགོར་བར། རྐུབ་སྟེགས་ཀྱི་རྐང་བ་ཆག་ནས་མོ་སར་ལྷུང་པ་རེད།


དེ་ནས། སྐྲ་སེར་བུ་མོ་ས་ནས་ཡར་ལངས་ཏེ། དོམ་གསུམ་གྱི་ཉལ་ཁང་ནང་དུ་སོང་། ཉལ་ཁང་ནང་དུ་ཉལ་ཁྲི་ཆེ་ཆུང་གསུམ་གྲལ་བསྒྲིགས་ཡོད་པ་རེད། དང་པོ། མོ་ཉལ་ཁྲི་ཆེན་པོ་དེའི་སྟེང་དུ་ཉལ་ཏེ། སྐྱིད་པོ་ཨེ་འདུག་བལྟས། ཉལ་ཁྲི་དེ་མོ་ལ་མཐོ་དྲགས་ཡོད་པ་རེད། དེ་ནས་མོ་ཉལ་ཁྲི་འབྲིང་བ་དེའི་སྟེང་དུ་ཉལ་ཏེ། སྐྱིད་པོ་ཨེ་འདུག་བལྟས། ཉལ་ཁྲི་དེ་ཡང་ཅུང་ཆེ་ཡོད་པ་རེད། དེ་ནས་མོ་ཉལ་ཁྲི་ཆུང་ཆུང་དེའི་སྟེང་དུ་ཉལ་ཏེ། སྐྱིད་པོ་ཨེ་འདུག་བལྟས། ཉལ་ཁྲི་དེ་ནི་མཐོ་མེད་ལ་དམའ་ཡང་མེད་པར་ཧ་ཅང་སྐྱིད་པོ་ཡོད་པ་རེད། དེ་ནས་མོ་ཤིན་ཏུ་དགའ་སྟེ། ཉལ་ཁྲི་ཆུང་ཆུང་དེའི་སྟེང་དུ་ཉལ་བས་ན་དེ་མ་ཐག་གཉིད་ལ་ཡུར་སོང་།

དུས་སྐབས་དེར། སྤྲོ་བསང་ལ་བསྐྱོད་བཞིན་པའི་དོམ་གསུམ་གྱི་སེམས་ལ། ད་ཐུག་པ་གྲང་མོ་ཆགས་ཡོད་བསམ་ནས་ཕྱིར་ནང་དུ་ཞོགས་ཇ་འཐུང་དུ་ལོག སྐྲ་སེར་བུ་མོས། ཟ་ཐུར་ཆེན་པོ་དེ་ཕོར་བ་ཆེན་པོ་དེའི་ནང་དུ་ལྷག་ཡོད་སྟབས། དོམ་ཆེན་པོས། རང་གི་ཕོར་བའི་ནང་དུ་ཐུར་མ་ཞིག་ཡོད་པ་མཐོང་བ་དང་། ཡ་མཚན་སྐྱེས་ཏེ་ཁ་ནས། ངའི་ཕོར་བའི་ནང་གི་ཐུག་པ་གཞན་ཞིག་གིས་འཐུང་འདུག་ཅེས་སྐད་ཆེན་པོ་བརྒྱབ།
སྐྲ་སེར་བུ་མོས། ཟ་ཐུར་འབྲིང་བ་དེ་ཕོར་བ་འབྲིང་བ་དེའི་ནང་དུ་ལྷག་ཡོད་སྟབས། དོམ་འབྲིང་བས། རང་གི་ཕོར་བའི་ནང་དུ་ཐུར་མ་ཞིག་ཡོད་པ་མཐོང་བ་དང་། ཁ་ནས་ངའི་ཕོར་བའི་ནང་གི་ཐུག་པ་གཞན་ཞིག་གིས་འཐུང་འདུག་ཅེས་སྐད་འབྲིང་ཙམ་བརྒྱབ།
དེ་ནས་དོམ་ཆུང་ཆུང་དེས་རང་གི་ཕོར་བ་ཆུང་ཆུང་ལག་ཏུ་བླངས་ཏེ། ཁ་ནས། ངའི་ཕོར་བའི་ནང་གི་ཐུག་པ་ཚང་མ་གཞན་ཞིག་གིས་འཐུང་ཚར་འདུག་ཅེས་སྐད་ཆུང་ཆུང་ཞིག་བརྒྱབ།

དེ་ནས་དོམ་གསུམ་པོ་ཡ་མཚན་སྐྱེས་ཞོར་སྡོད་ཁང་ནང་དུ་སོང་། སྐྲ་སེར་བུ་མོས་སྔས་འབོལ་ཆེན་པོ་དེ་རྐུབ་སྟེགས་ཆེན་པོ་དེའི་སྟེང་དུ་ལྷག་ཡོད་སྟབས། ། དོམ་ཆེན་པོ་དེས། གཞན་ཞིག་ངའི་རྐུབ་སྟེབས་སྟེང་དུ་བསྡད་འདུག་ཅེས་སྐད་ཆེན་པོ་བརྒྱབ།
དེ་ནས་དོམ་འབྲིང་བ་དེས་རང་གི་རྐུབ་སྟེགས་སྟེང་དུ་སྔས་འབོལ་ཞིག་ཡོད་པ་མཐོང་བ་དང་། ལག་པས་སྔས་འབོལ་གྱི་སྟེང་ནས་མར་མནན་ཏེ། གཞན་ཞིག་ངའི་རྐུབ་སྟེགས་སྟེང་དུ་བསྡད་འདུག་ཅེས་སྐད་འབྲིང་བ་བརྒྱབ།
དེ་ནས་དོམ་ཆུང་ཆུང་དེས་རང་གི་རྐུབ་སྟེགས་ཆུང་ཆུང་དེ་བཅག་ཡོད་པ་མཐོང་སྟེ། གཞན་ཞིག་ངའི་རྐུབ་སྟེགས་སྟེང་དུ་བསྡད་དེ། རྐུབ་སྟེགས་བཅག་འདུག་ཅེས་སྐད་ཆུང་ཆུང་བརྒྱབ།

དེ་ནས་དོམ་གསུམ་པོ་ཉལ་ཁང་ནང་དུ་ལྟ་རུ་སོང་། དོམ་ཆེན་པོ་དེས། རང་གི་ཉལ་ཁྲིའི་སྟེང་གི་ཉལ་ཆས་གང་སར་གཡུགས་ཡོད་པ་མཐོང་སྟེ། ངའི་ཉལ་ཆས་རྣམས་གང་སར་གཡུགས་འདུག་ཅེས་སྐད་ཆེན་པོ་བརྒྱབ།
དེ་ནས་དོམ་འབྲིང་བ་དེས། རང་གི་ཉལ་སའི་ནང་གི་ཉལ་ཐུལ་ཉལ་ཁྲིའི་ཟུར་ཞིག་ལ་དེད་ཡོད་པ་མཐོང་ནས། ངའི་ཉལ་ཐུལ་དེ་ཉལ་ཁྲིའི་ཟུར་ལ་དེད་འདུག་ཅེས་སྐད་བརྒྱབ། དོམ་ཆུང་བ་དེ་རང་གི་ཉལ་ཁང་དུ་འཛུལ་དུས། རང་གི་ཉལ་ཁྲིའི་སྟེང་དུ་བུ་མོ་སྐྲ་སེར་པོ་ཅན་ཞིག་ཉལ་ནས་ཡོད་པ་མཐོང་སྟེ། ཁ་ནས་ངའི་ཉལ་སའི་ནང་དུ་བུ་མོ་ཞིག་ཉལ་འདུག་ཅེས་སྐད་བརྒྱབ། དེ་མ་ཐག་བུ་མོ་དེ་གཉིད་ལས་སད་དེ། རྟབ་རྟབ་པོར་ཡར་ལངས་པ་དང་།སྒེའུ་ཁུང་ལས་མར་མཆོངས་ནས་ཕྱི་བལྟས་ཙམ་ཡང་མ་བྱས་པར། མགྱོགས་པོའི་ངང་རྒྱུགས་ནས་ནགས་གསེབ་ཏུ་བྲོས་སོང་།


དུས་དེ་ནས་བཟུང་སྟེ། དོམ་གསུམ་པོས་སྐྲ་སེར་པོ་ཅན་གྱི་བུ་མོ་དེ་རྩ་བ་ནས་མཐོང་མ་མྱོང་ལ། མོར་ག་རེ་བྱུང་ཡོད་པའང་ཁྱོན་ནས་ཤེས་རྟོགས་མ་བྱུང་བ་རེད།།

 

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: སྐྲ་སེར་བུ་མོ་དང་དོམ་གསུམ།

generic cialis cheapest price

AFrauckcica | 18/06/2020

<a href="https://cialisle.com/">cialis tablet</a>

New comment