སྤྱང་ཀི་དང་མ་མོ་རྩེ་བ།

06/01/2018 23:15
སྤྱང་ཀི་དང་མ་མོ་རྩེ་བ། 
 
སྤྱང་ཀི་དང་མ་མོའི་རྩེད་མོ་ནི་བྱིས་པ་ཆེ་ཆུང་ཀུན་གྱིས་རྩེ་ཆོག་པ་ཞིག་ཡིན། 

རྩེད་མོ་འདི་རྩེ་སྐབས་བྱིས་པ་ལུས་སྟོབས་དང་ཤེད་ཤུགས་ཆེ་ཆུང་འདྲ་མཉམ་ཡིན་པའི་བྱིས་པ་གཉིས་འདེམས་དགོས། དེ་ནས་བྱིས་པ་གཅིག་སྤྱང་ཀི་ཡིན་ཁུལ་དང་།བྱིས་པ་གཞན་པ་དེ་མ་མོ་ཡིན་ཁུལ་གྱིས་རྩེད་མོ་རྩེ་རུ་འཇུག་དགོས། སྤྱང་ཀིའི་བྱེད་ལས་ལུ་གུ་འཛིན་རྒྱུ་དེ་ཡིན་ཞིང་། མ་མོའི་བྱེད་ལས་སྤྱང་ཀི་ལ་ལུ་གུ་འཛིན་དུ་མི་འཇུག་པར་མདུན་དུ་མཆོང་ནས་སྤྱང་ཀི་བཀག་འགོག་བྱ་རྒྱུ་དེ་ཡིན། མ་མོའི་རྒྱབ་ཏུ་ལུ་གུ་རྣམས་ཆེ་ཆུང་ལྟར་གཅིག་གི་སྐ་རགས་ལ་གཅིག་དམ་པོར་འཇུས་ཏེ་འདུག་དགོས།

རྩེད་མོ་འདི་ནི་འབྲོག་པའི་འཚོ་བ་དང་འབྲེལ་བ་ཡོད་པའི་སྲོལ་རྒྱུན་གྱི་བྱིས་པའི་རྩེད་མོ་ཞིག་ཡིན། རྩེད་མོ་འདིའི་ནང་དོན་གཙོ་བོ་དེ་ནི་ཨ་མའི་བྱམས་བརྩེ་འི་ནུས་པར་བརྟེན་ནས་རང་ཉིད་ཀྱི་བུ་ཕྲུག་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་ཕོད་པའི་སྙིང་སྟབས་གསལ་སྟོན་བྱས་པར་སྙམ། 

རྩེད་མོ་འདི་རྩེས་བ་ཡིན་ན་ཕན་པ་མང་བོ་ཡོད་པ་དཔེར་ན། གཙོ་བོ་སྤྱང་ཀི་དང་མ་མོ། ལུ་གུ་རྩེད་མཁན་ཚང་མས་སེམས་གཞན་དུ་མི་གཡེང་བར་བློ་རིག་སྒྲིམ་དགོས། གཉིས་པ་རྩེད་མོ་རྩེ་མཁན་ཚང་མ་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། ཕར་རྒྱུག་དང་ཚུར་རྒྱུག་མང་བོ་བྱེད་དགོས་པས་རྩེད་མོ་བ་རྣམས་ཀྱི་ལུས་ཀྱི་འཕྲོད་རྟེན་ལ་བཟང་། གསུམ་པ་རྩེད་མོ་རྩེ་མཁན་དང་ལྟ་མཁན་ཚང་མར་ཕན་ནུས་མང་པོ་ཡོང་བས་སེམས་ཀྱི་འཕྲོད་རྟེན་ལའང་བཟང་བའོ།

Topic: སྤྱང་ཀི་དང་མ་མོ་རྩེ་བ།

marriage cialis 5mg price

AFrauckcica | 21/06/2020

<a href="https://cialisle.com/">cialis online</a>

New comment