སྤྱང་ཀི་དང་ལུ་གུ

10/04/2015 14:42

སྤྱང་ཀི་དང་ལུ་གུ

སྔོན་མ་ཞིག་ལ་སྤྱང་ཀི་ཞིག་ཆུ་འགྲམ་དུ་སླེབས་དུས། ལུ་གུ་ཞིག་གིས་དེར་ཆུ་འཐུང་བཞིན་པ་མཐོང་། སྤྱང་ཀིའི་སེམས་ལ་ལུ་གུ་དེ་ཟ་འདོད་སྐྱེས་ནས་བཤད་རྒྱུར། ཨ་རོགས། ལྟས་ངན། ཁྱོད་ཀྱིས་ངའི་འཐུང་ཆུ་རྙོགས་དོན་ཅི་ཡིན། ཞེས་གཤེ་གཤེ་བཏང་།

ལུ་གུས་སྤྱང་ཀིའི་སྐད་ཆ་ཐོས་མ་ཐག་ཧང་སངས་བ་དང་། སྐད་དམའ་མོས། ཨ་ཁུ་སྤྱང་ཀི ཁྱོད་ཆུ་མགོ་ན་ཡོད་པ་མ་ཡིན་ནམ། ངས་ཆུ་རྔ་ནས་ཁྱོད་ཀྱི་འཐུང་ཆུ་ཇི་ལྟར་རྙོག་སྲིད།ཅེས་ལན་བཏབ།

དེ་ནས་སྤྱང་ཀི་ཁོང་ཁྲོ་ཆེན་པོ་ལངས་ནས། ཨ་རོགས་ངན་པ་ཁ་ནག་ཁྱོད་ཀྱིས་ན་ནིང་ང་ལ་ངན་མང་བོ་བཤད་པ་མ་ཡིན་ནམ། ཞེས་རྫིག་རྫིག་བྱས།

ལུ་གུ་ན་རེ། ཨ་ཙི། ཨ་ཁུ་སྤྱང་ཀི། ན་ནིང་ང་རང་ད་དུང་བཙས་མེད་པས། ངས་ཁྱོད་ལ་ངན་ཇི་ལྟར་བཤད་དམ་ཞེས་ལན་བཏབ།

དེ་ནས་སྤྱང་ཀིས་མུ་མཐུད་དུ་ཚིག་རྩོད་རྒྱག་མ་འདོད་པར། ངན་པ་ཁ་ནག་ཁྱོད། ང་ལ་ངན་བཤད་མཁན་དེ་ཁྱོད་མིན་ན། ཁྱོད་ཀྱི་ཨ་མ་ཡིན་པས། ཁྱོད་གཉིས་ལ་ཁྱད་པར་མེད། ཅེས་བཤད་ཞོར་མཆེ་བ་གཙིགས་ནས་ལུ་གུའི་ཐོག་ཏུ་མཆོངས་འོང་བའི་སྐབས་དེར། ལུག་རྫི་དེར་ཐོན་ནས།སྤྱང་ཀིའི་མགོ་ལ་དབྱུག་པས་བརྒྱབ། སྤྱང་ཀི་སྐྲག་ཐག་ཆོད་ནས་ཕྱིར་ལྟ་ཙམ་ཡང་མེད་པར་བྲོས་སོ། ། 

 
  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: སྤྱང་ཀི་དང་ལུ་གུ

བྷོ་ཏི

ལུ་གུ་དང་སྤྱང་ཀི་ | 23/10/2021

དྲི་བ་དང་ལན་

cialis online no prescription station

AFrauckcica | 17/06/2020

<a href="https://cialisle.com/">cialis otc</a>

New comment