སྤྱང་པོ་དང་གླེན་པ།

27/03/2015 17:01
སྤྱང་པོ་དང་གླེན་པ། 

སྔོན་ཆད་མི་གླེན་པ་ཞིག་གིས་བུམ་པ་ཞིག་རྙེད་པ་དང་། ཁོས་བུམ་པའི་ནང་གསེར་གང་ཡོད་པའི་ཁྲོད་ཀྱི་ཉུང་ཉུང་ཞིག་ཁྱེར་ཏེ་རང་གི་གྲོགས་པོ་སྤྱང་པོ་ཞིག་ཡོད་པ་དེའི་ཁྱིམ་ལ་སོང་ནས། གྲོགས་པོ་ལགས། ངས་དངོས་པོ་ཞིག་རྙེད་སོང་། འདི་ག་རེ་རེད་ཞེས་དྲིས། སྤྱང་པོ་དེས། འདི་གསེར་རེད།ཅེས་ལན་འདེབས་ཞོར་དུ་ག་ཚོད་རྙེད་སོང་ཞེས་དྲིས། 

གླེན་པ་དེས། ངས་བུམ་པ་གང་རྙེད་སོང་ཞེས་བཤད། སྤྱང་པོ་དེས། དེ་འདྲ་ཡིན་ན་ངོ་མ་ཡག་པོ་བྱུང་། གསེར་འདི་ངེད་གཉིས་ཀྱིས་མཉམ་དུ་བཀོལ་སྤྱོད་བྱེད་ཅེས་བཤད་དེ་ཁོང་གཉིས་པོ་སོང་ནས།གསེར་ཡོད་པའི་བུམ་པ་དེ་ཤིང་སྡོང་ཞིག་གི་རྩར་སྦས་པ་དང་།སུ་ལ་དགོས་པའི་དུས་སུ་ཁོང་གཉིས་ཀ་མཉམ་དུ་སོང་ནས་ལེན་རྒྱུའི་ཁ་ཆད་བྱས།

འོན་ཀྱང་། གྲོགས་པོ་སྤྱང་པོ་དེ་མི་གཡོ་རྒྱུ་ཅན་ཞིག་ཡིན་པས།ས་རུབ་པ་དང་ཁོ་རང་གཅིག་པུ་སོང་ནས་བུམ་པ་དེ་ས་ཆ་གཞན་ཞིག་ཏུ་སྦས། དེ་ནས་ཕྱི་ཉིན་ཁོས་མི་གླེན་པ་དེ་བོས་ནས། ཤིང་སྡོང་གི་རྩར་མཉམ་དུ་གསེར་ལེན་དུ་འགྲོ་ཁུལ་བྱས་པ་དང་། དེ་ནས་གསེར་གྱི་བུམ་པ་མེད་པ་ཤེས་རྗེས་ཁོས་མི་གླེན་པ་དེར། བུམ་པ་ཁྱོད་ཀྱིས་བརྐུས་པ་རེད།ཅེས་གཤེ་གཤེ་བཏང་། 

མི་གླེན་པ་དེས། ངས་རྩ་བ་ཉིད་ནས་བརྐུས་མེད། ང་ལ་དེ་འདྲའི་བསམ་པ་ཡོད་ན། ངས་དང་པོ་ནས་ཁྱོད་དང་མཉམ་དུ་བཀོལ་བར་ཁས་ལེན་བྱེད་དོན་མེད། ཅེས་བཤད། མི་སྤྱང་པོ་དེས་ཁོའི་ཁར་མ་ཉན་པ་མ་ཟད།ད་དུང་གསེར་གྱི་བུམ་པ་ཤིང་སྡོང་གི་རྩར་སྦས་པ་ཤེས་མཁན་ངེད་གཉིས་ལས་མེད་པས་ཁྱོད་རང་མ་གཏོགས་འགྲོ་ས་མེད། ཅེས་བཤད་ནས་མི་གླེན་པ་དེ་རྒྱལ་པོའི་དྲུང་དུ་ཁྲིད་ནས་དོན་དག་དེ་རྒྱལ་པོར་ཡར་ཞུ་བྱས་ཏེ།རྐུན་མ་ལ་ཆད་པ་གཅོད་རོགས། ཞེས་ཞུས། རྒྱལ་པོས། ད་དུང་བརྟག་དཔྱད་བྱེད་དགོས། ཞེས་ལན་བཏབ

གྲོགས་པོ་སྤྱང་པོ་དེས་དེ་འདྲ་ཡིན་ན། གསེར་བཅོལ་སའི་ནགས་ཀྱི་ལྷ་ལ་འདྲི་རྒྱུ་ཡིན་ཞེས་བཤད་པས་རྒྱལ་པོས་ཀྱང་། དེ་ཡག་པོ་འདུག་ཅེས་བློ་མོས་བྱས་ཏེ་དུས་ཚོད་ཀྱང་གཏན་འཁེལ་བྱས།མི་སྤྱང་པོ་དེས་རང་གི་ཕ་རྒན་ལ་གསེར་གྱི་བུམ་པ་དེ་མི་གླེན་པ་དེས་་བརྐུས་སོང་ཞེས་བཤད་དགོས་པའི་སྐོར་བསླབ་བྱ་བཏང་ནས།ཤིང་སྡོང་གི་ཁོག་ཏུ་ཕ་རྒན་སྦས་ཏེ་བཞག་པ་རེད།

མི་སྤྱང་པོ་དེས་རྒྱལ་པོ་དབུ་བཞུགས་ཀྱི་མི་ཚོགས་ཁྲོད་དུ་ལབ་དོན།གསེར་གྱི་བུམ་པ་་ཤིང་སྡོང་གི་རྩར་སྤས་ཡོད་པ་ཤེས་མཁན་ངེད་གཉིས་ལས་མེད་པས། མི་གླེན་པ་དེ་མ་གཏོགས་གཞན་འགྲོ་ས་མེད་པའི་རྒྱུ་མཚན་རྒྱས་པར་བཤད། དེ་ནས་ཤིང་སྡོང་ནང་དུ་ཡིབ་ཡོད་པའི་རྒན་པོ་དེས་ཀྱང་། ཤིང་སྡོང་ཁོག་ནས་གསེར་རྐུ་མཁན་ནི་མི་གླེན་པ་དེ་རེད་ཅེས་བཤད།

དེ་ནས་མི་སྤྱང་པོ་དེས།  ཚང་མས་ཐོས་པ་དེ་རེད། གླེན་པ་འདི་རྐུན་མ་རེད། ཅེས་སྐད་ཅོར་བརྒྱབ། རྒྱལ་པོས་ཀྱང་། བདེན་པ་རེད། མི་གླེན་པ་འདི་རྐུན་མ་རེད། ཅེས་བཤད་པ་ན། མི་གླེན་པ་དེས། ཁྱེད་ཚོ་ཚང་མ་བདེན་པ་ཡིན་ན་ང་ཡང་བདེན་པ་ཡིན། དེས་ན་སུ་བདེན་པ་མ་རེད་ཅེ་ན།ཤིང་་སྡོང་འདི་བདེན་པ་མ་རེད་ཅེས་ལབ་ནས།ཐོག་མར་ངས་ཤིང་སྡོང་འདི་མེ་བསྲེག་རྒྱུ་ཡིན་་དེ་ནས་ང་ལ་ཁྲིམས་ཆད་ཆོད་ཅེས་བཤད།

མི་སྤྱང་པོ་དེའི་སེམས་ལ་ད་མ་འགྲིག་བསམ་སྟེ། ཨ་གླེན་པ། ཤིང་སྡོང་འདི་ལྷ་གནས་ས་ཡིན་པས་བསྲེག་ན་མི་འགྲིག འདི་བསྲེག་ན་ཁྱོད་ལ་ཆག་སྒོ་འབྱུང་ངེས་ཞེས་བཤད།

མི་གླེན་པ་དེས། ང་ད་ལྟ་རང་ཁྲིམས་ཆད་ཕོག་རན་པ་རེད། དེ་ལས་ལྷག་པའི་ཆག་སྒོ་ཚབས་ཆེ་བ་གཞན་ཅི་ཞིག་ཡོད།ཅེས་བཤད་དེ་སྤྱང་པོའི་ཁར་མ་ཉན་པར་ཁོས་སྡོང་རྩ་རུ་ཤིང་མང་པོ་སྤུངས་ནས་དེར་མེ་སྤར་བས་དུ་བ་ལྷོག་ལྷོག་འཕྱུར་བས་རྒད་པོ་སྡོད་མ་བཟོད་པར། ཤིང་སྡོང་ཁོག་ནས་ཕྱིར་ཐོན།

དེ་ནས་རྒྱལ་པོས་ཕ་རྒན་ལ་རྒྱུ་མཚན་དྲིས། རྒད་པོ་དེས། ཧ་ཅང་སྤྱང་པོ་དེའང་སྤྱང་པོ་མིན། ཧ་ཅང་བླུན་པོ་དེའང་བླུན་པོ་མིན། ཧ་ཅང་སྤྱང་པོ་སྤྱང་དྲགས་ན།ཕ་རྒན་དུ་བས་གསོད་དོན་ཅི།ཞེས་སྨས་སོ།

རྒྱལ་པོས་གཏམ་དེ་ཐོས་རྗེས་མི་སྤྱང་པོ་དེ་ཁྲིམས་ཁང་ནང་བཅུག་པ་དང་ཕ་ལ་ཉེས་པ་མེད་པར་བཏང་།གསེར་གྱི་བུམ་པ་དེ་མི་གླེན་པ་དེར་སྤྲད་དོ།།
  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: སྤྱང་པོ་དང་གླེན་པ།

dad tadalafil generic cost pc

AFrauckcica | 20/06/2020

<a href="https://cialisle.com/">cialis cost</a>

New comment