༄༅།། ཁ་མིག་དང་རྣ་ཅོག

༄༅།། ཁ་མིག་དང་རྣ་ཅོག

 

༄༅།། ཁྱིམ་ཚང་ཞིག་ལ་བློ་རིག་གསལ་བའི་བུ་མོ་ཆུང་ཆུང་ཞིག་ཡོད་པ་རེད། ཉིན་ཞིག་ལ་བུ་མོ་དེས་རང་གི་ཕུ་བོ་ལ། ཕུ་བོ་ལགས། ང་ཚོར་རྣ་ཅོག་གཉིས་རེ་དང་མིག་གཉིས་རེ་ཡོད་པའི་རྒྱུ་མཚན་ག་རེ་རེད་ཅེས་དྲིས། ཕུ་བོའི་བསམ་བློ་ཇི་ལྟར་བཏང་ནའང་ལན་མ་སྙེད་པ་རེད།

 

 

དེ་ནས་ཁོང་གཉིས་སྤོ་བོ་ལགས་ཀྱི་མདུན་དུ་སོང་སྟེ་ན་རེ། སྤོ་བོ་ལགས། ང་ཚོ་ཚང་མར་རྣ་ཅོག་གཉིས་རེ་དང་མིག་གཉིས་རེ་ཡོད་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། སྤོ་བོ་ལགས་ཀྱིས་ང་ཚོར་རྣ་ཅོག་གཉིས་རེ་ཡོད་པའི་རྒྱུ་མཚན་ནི། མི་གཞན་གྱི་བསམ་འཆར་ལ་མང་ཙམ་ཉོན་ཞེས་པའི་དོན་རེད། ང་ཚོར་མིག་གཉིས་རེ་ཡོད་པའི་རྒྱུ་མཚན་ནི་ཡ་རབས་ཀྱི་ཕྱོགས་ལ་མང་ཙམ་ལྟོས་ཤེས་པའི་དོན་རེད་ཅེས་བཤད།

 

 

དེ་ནས་བློ་རིག་གསལ་བའི་བུ་མོ་དེས་ཡར་བསྐྱར་སྤོ་ལོ་ལགས་ལ། དེ་ན་ང་ཚོར་ཁ་གཅིག་ལས་མེད་པའི་རྒྱུ་མཚན་ག་རེ་ཡིན་ནམ། ཞེས་བཀའ་འདྲི་ཞུས་པར། སྤོ་བོ་ལགས་ཀྱིས་ང་ཚོར་ཁ་གཅིག་ལས་མེད་པའི་རྒྱུ་མཚན་ནི་སྐད་ཆ་ཆོ་མེད་ཉུང་ཙམ་ཤོད་ཅེས་པའི་དོན་རེད་ཅེས་གསུངས།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ༄༅།། ཁ་མིག་དང་རྣ་ཅོག

No comments found.

New comment