༄༅།། གཞུང་དྲང་བུ་མོ།

༄༅།། གཞུང་དྲང་བུ་མོ།

༄༅།། ཕྱུག་བདག་ཚང་གི་སྒོ་དྲུང་དུ། བྱིས་པ་རྣམས་ཉིན་ལྟར་གྲལ་སྒྲིག་ནས་བག་ལེབ་རག་ཐབས་ལ་འཚང་ཁ་རྒྱག་བཞིན་ཡོད་པ་རེད། སྒྲོལ་མ་ཟེར་བའི་བུ་མོ་ཞིག་ཡོད་པ་དེ། ནམ་རྒྱུན་གྲལ་མཇུག་ཏུ་སེམས་ལྷོད་ལ་བབས་ནས་བསྡད་ཡོད་པ་རེད།


 

མཚམས་མཚམས་སུ་བྱིས་པ་རྣམས་ཀྱིས་བག་ལེབ་ཆེ་ཆུང་བརྩད་དེ། འཛིང་རེས་བྱེད་ཀྱི་ཡོད་ནའང་། བུ་མོ་སྒྲོལ་མས་རྒྱུན་དུ་བག་ལེབ་ཆུང་ཤོས་འཁྱེར་ནས། དགའ་སྤྲོའི་ངང་ནང་དུ་ལོག་འགྲོ་གི་ཡོད་པ་རེད།

བུ་མོ་སྒྲོལ་མའི་གཤིས་རྒྱུད་དེ་ཕྱུག་བདག་གི་བློ་ལ་བབས་ཏེ། ཉིན་ཞིག་ཁོས་བག་ལེབ་ཞིག་གི་ནང་དུ་གསེར་སྒོར་ཞིག་བཅུགས་ནས། གྲལ་མཇུག་ཏུ་ཡོད་པའི་བུ་མོ་སྒྲོལ་མར་སྤྲད་པ་རེད།

 

བུ་མོ་སྒྲོལ་མ་ཤིང་སྡོང་ཞིག་གི་འོག་ཏུ་བསྡད་ནས་བག་ལེབ་ཟ་གྲབས་བྱེད་སྐབས། མོས་བག་ལེབ་ནང་དུ་གསེར་སྒོར་ཞིག་ཡོད་པ་མཐོང་བ་དང་། དེ་མ་ཐག་ཏུ་ཕྱིར་ཕྱུག་བདག་གི་མདུན་དུ་བརྒྱུགས་ཡོང་སྟེ། གསེར་སྒོར་དེ་ཕྱིར་སྤྲད་པ་རེད།

 

ཕྱུག་བདག་དེ་བུ་མོ་སྒྲོལ་མའི་གཤིས་རྒྱུད་ལ་ཡིད་སྨོན་སྐྱེས་ཏེ། གསེར་སྒོར་དེའི་ཐོག་ཏུ་སླར་ཡང་གསེར་སྒོར་བཅུ་བསྣན་ནས་བུ་མོ་སྒྲོལ་མར་སྤྲད་པ་དང་། ཡུལ་དེའི་བྱིས་པ་ཚང་མའི་མདུན་དུ་བུ་མོ་སྒྲོལ་མ་ལ་བསྔགས་བརྗོད་གནང་བ་དང་། མོའི་གཤིས་རྒྱུད་ལ་བྱིས་པ་ཚང་མས་སློབ་སྤྱོང་བྱེད་འོས་པའི་སློབ་སྟོན་ཡང་གནང་བ་རེད།
     

              :
             
              

 The honest girl


Once upon a time, long ago, there was a very generous rich man. Every morning, poor children would line up in front of his gate to get bread. As everyone rushed to get to the front of the line, one girl girl named Dolma Tso was always relaxed, and waited at the end of the line. 

Sometimes, the children would fight over the size of the bread but Dolma Tso always happily to leave for home with the smallest piece. The rich man watched Dolma Tso, and decided he liked her character. One day, he decided to put a gold coin in her piece bread.  The rich man gave the bread to Dolma Tso who was standing in the end of the line, and waited to see what she would do. "Thank you very much sir" said Dolma Tso and she stared to eat her bread under a tree.  As soon as she found the gold coin she run back to the rich man and said, "Sir, I found a gold coin in my bread.  Here, it must be yours." The rich man was really impressed with Dolma Tso's honesty, so he added ten gold coins to the one Dolma Tso already had. He told all of the children, "Dolma Tso a model of honesty, you should all try to be like her."

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ༄༅།། གཞུང་དྲང་བུ་མོ།

No comments found.

New comment