༅།། དྲ་གནས་ངོ་སྤྲོད་མདོར་བསྡུས།

༅།། དྲ་གནས་ངོ་སྤྲོད་མདོར་བསྡུས།

༄༅།། དྲ་གནས་འདི་འཛམ་གླིང་ནང་ཁ་འཐོར་དུ་གནས་པའི་བོད་ཀྱི་བྱིས་པ་རྣམས་དང་། བོད་ཀྱི་བྱིས་པའི་སློབ་གསོ་ཉམས་སུ་མྱོང་བར་འདོད་པ་རྣམས་ཀྱི་ཆེད་དུ་དམིགས་པ་ཡིན། དྲ་གནས་འདིའི་ནང་དུ་དམངས་ཁྲོད་ལ་དར་ཁྱབ་ཆེ་བའི་ངག་རྒྱུན་སྒྲུང་གཏམ་དང་དེང་རབས་བོད་ཀྱི་མཁས་པས་བྲིས་པའི་བྱིས་སྒྲུང་གསར་རྩོམ། རྒྱལ་ཁབ་གཞན་གྱི་བྱིས་སྒྲུང་གྲགས་ཅན་བོད་བསྒྱུར་བྱས་པ་དང་བྱིས་པའི་གཟུགས་མཐོང་བརྙན་འཕྲིན། མཚར་གཏམ་དང་བྱིས་པའི་གླུ་གཞས། ཐ་སྙད་གསར་བ་དང་བོད་ཡིག་སྦྱོང་ས་སོགས་ཚན་པ་བཅུ་ལྷག་བསྡུས་ཡོད།

བོད་ཀྱི་བྱིས་པའི་སློབ་གསོ་གོང་སྤེལ་གྱི་བྱ་བཞག་ལ་སློབ་སྟོན་གནང་མཁན་དང་ཆ་རྐྱེན་བསྐྲུན་མཁན། ཐོན་ཁུངས་མ་ལག་ངོ་སྤྲོད་གནང་མཁན། ཡང་ན་གནའ་དེང་བོད་ཀྱི་སྒྲུང་གཏམ་སྣ་ཚོགས་དྲ་གནས་འདིར་བཀོད་འདོད་ཡོད་མཁན་རྣམས་ལ། ང་ཚོས་སྙིང་ཐག་པ་ནས་དགའ་བསུ་ཞུ།

 

This site is dedicated to the Tibetan parents and children who are scattered around the world and to all the children who are interested in Tibetan children’s education and culture. On this website we have compiled many popular traditional Tibetan tales. You will also find new children's stories written by modern Tibetan writers and popular children's stories translated from other languages. We've also included Tibetan cartoons and videos, tools for learning the Tibetan language, funny anecdotes, books and much more.

 

Wild Yaks also welcomes individuals who would like to contribute their experience and/or expertise of promoting Tibetan children's education; introduce resources; share how they are involved in creating material for children; or want to share traditional or contemporary Tibetan children’s stories.