ཚོང་བ་དང་དྲེལ།

ཚོང་བ་དང་དྲེལ།

ཚོང་པ་ཞིག་ལ་ཚོང་ཟོག་འགེལ་སའི་དྲེལ་ཞིག་ཡོད་པ་རེད། ཚོང་པ་དེས་ཉིན་རྟག་པར་དྲེལ་དེར་ཁལ་བཀལ་ཏེ་ཚོང་ཟོག་བཙོང་བར་ཚོང་ར་ལ་འགྲོ་བཞིན་ཡོད་པས། དྲེལ་དེ་ཧ་ཅང་ཐང་ཆད་ཀྱི་ཡོད།

 

 

ཉིན་ཞིག་ཚོང་པ་དེས་དྲེལ་དེར་ཚྭ་སྒྱེ་གཉིས་བཀལ་ཏེ་རྦབ་ཆུ་ཞིག་བརྒྱུད་ནས་སོང་བའི་ཚེ། དྲེལ་ཀྱི་རྐང་པ་འདྲེད་བརྡར་ཤོར་ཏེ་རྦབ་ཆུའི་ཁ་ནས་མར་ཟགས་པ་དང་ཚྭ་སྒྱེ་གཉིས་རློན་པ་གྱུར། ཚྭ་ཁུ་ཆུ་ནང་དུ་བཞུར་ནས་ཁལ་ཇེ་ཡང་དུ་སོང་བ་རེད།

 

དྲེལ་གྱི་སེམས་ལ་ཁལ་ཡང་དུ་གཏོང་བའི་ཐབས་ཤེས་རྙེད་སོང་སྙམ་པ་དང་དེ་ནས་བཟུང་ཁོས་ཁལ་ཁུར་ནས་ཆུ་ལ་བརྒལ་དུས་བསམ་བཞིན་དུ་ཆུ་ནང་ལ་ཉལ་ནས་ཁུར་པོ་ཇེ་ཡང་དུ་གཏོང་ཐབས་བྱེད་ཀྱི་ཡོད།

 

 

ཚོང་པ་དེས་དྲེལ་གྱི་གཡོ་སྒྱུ་ཧ་གོ་བ་དང་། དྲེལ་དེར་ཉམས་མྱོང་ཞིག་ངེས་པར་སྤྲོད་དགོས་བསམ་སྟེ། ཕྱི་ཉིན་ཁོས་དྲེལ་ལ་རྩྭ་གདན་བཀལ་ཏེ་རྒྱུག་ཆུ་ཞིག་གི་ཁར་དེད་ནས་སོང་བའི་ཚེ། དྲེལ་དེས་ནམ་རྒྱུན་ལྟར་ལག་པ་འདྲེད་བརྡར་ཤོར་ཁུལ་གྱིས་ཆུ་ནང་དུ་ཉལ་བ་རེད། སྟབས་མ་ལེགས་པ་ཞིག་ལ་རྩྭ་གདན་ནང་དུ་ཆུ་འཛུལ་ནས་ལྗིད་ཚད་ཡར་འཕར་བ་དང་ཧ་ཅང་ཁུར་དཀའ་བ་བྱུང་། དུས་དེ་ནས་བཟུང་དྲེལ་ལ་ཉམས་མྱོང་ཐོབ་སྟེ། ཁལ་ཆེ་ཆུང་ཚང་མ་གཟབ་གཟབ་བྱས་ནས་ཁུར་བ་རེད།
 

  • ལྕགས་མོ་འཚོས་ལེགས་བཅོས་བྱས་པ་དང་མཁས་གྲུབ་གྱིས་རི་མོ་བྲིས།
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: ཚོང་བ་དང་དྲེལ།

No comments found.

New comment