ཨ་མ་ཡག་པོ་ཞིག་བྱེད་རྒྱུའི་རེ་བ་གཏོང་གིན་ཡོད།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས། 

       
བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ།   
ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་པས་མི་རིགས་ཤིག་གི་སྤུས་ཚད་མཐོ་རུ་གཏོང་དགོས་ན་ཐོག་མར་ཨ་མ་གཤིས་བཟང་བསམ་བློ་ཅན་དང་ཤེས་ཡོན་ཅན་སྐྱེད་སྲིང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ།ཞེས་གསུངས་བ་ནང་བཞིན་མི་རིགས་གཙང་མ་ཞིག་གནས་དགོས་ན་ཡང་ཨ་མ་ལ་ཐུག་ཡོད། དེས་ན་བོད་ཀྱི་བུད་མེད་དག་གིས།བོད་མི་རིགས་གཙང་མ་ཞིག་བསྐྲུན་མི་བསྐྲུན་ཁོང་ཅག་ལ་ཧ་ཅང་རག་ལས་ཡོད་པས།
                ཁོང་ཅག་གིས་ཀྱང་འདས་མ་འོངས་ད་ལྟ་གསུམ་ལ་བསམ་གཞིག་ལེགས་པོ་ཞིག་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ།ད་ལྟ་རོང་འབྲོག་མང་ཚོགས་ཀྱི་བུད་མེད་ལ་ལ་ཞིག་གིས། མི་རིགས་གཞན་པ་དང་གཉེན་འབྲེལ་ལམ་གཉེན་སྒྲིག་བྱེད་དང་བྱེད་བཞིན་ཡོད་པས།ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།
                མི་རིགས་ལ་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེ་ཡིན་པས།བོད་ཀྱི་བུད་མེད་དག་གིས་བསམ་གཞིག་གཏོང་སའི་གནས་སུ་མཆིས། བོད་ཀྱི་བུད་མེད་དང་མི་རིགས་གཞན་པ་གཉེན་སྒྲིག་བྱེད་པ་ནི།སྒེར་ཐོག་རེ་རེ་ནས་བཤད་ན་ཕན་པ་ཅུང་ཙམ་རེ་ཡོད་ན་ཐང་། འོན་ཀྱང་མི་རིགས་ལ་བསམ་གཞིག་བཏང་ན།ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་མ་ཟད།མི་རིགས་འཇིག་ཉེན་ཧ་ཅང་ཆེ་བར་གྱུར་འདུག
           
༼གཅིག ༽
         
མི་རིགས་གཞན་པ་དང་གཉེན་སྒྲིག་བྱས་ན་དེ་དག་གི་བུ་ཕྲུག་དག་ཀྱང་མི་རིགས་གཞན་གྱི་ངོ་བོར་འཐིམ་པའམ་ར་མ་ལུག་ལྟར་འགྱུར་འགྲོ།ཡང་ན་མི་རིགས་གང་གི་ཁུངས་སུ་མི་གཏོགས་ནས་མཚན་གཉིས་མ་ནིང་དུ་གྱུར་འགྲོ།
    
༼གཉིས། ༽
         
བོད་མི་རིགས་ཀྱི་ནང་དུ་ནད་ཡམས་སྣ་ཚོགས་ཤིག་ཐོན་ཡོང་བ་མ་ཟད།འཛམ་གླིང་སྟེང་གི་ནད་ཡམས་ཆེན་མོ་ཨེ་ཛི་ནད་ཀྱི་ཟ་ཁ་བོད་ནང་དུ་བསྟན་པ་མ་ཡིན་ནམ།
    
༼གསུམ། ༽
    
བོད་ཀྱི་བུད་མེད་དག་གིས་བོད་ཀྱི་ལོ་རྒྱུས་སྟེང་རང་གི་མི་རིགས་བསད་པའི་ཉེས་ཅན་པ་ཞེས་པའི་མིང་འདི་ཡང་ཐོབ་ཉེན་ཆེ།འདི་ལ་བསམ་གཞིག་བྱེད་རྒྱུ་ནི་བོད་ཀྱི་བུད་མེད་ཁོ་ན་མ་ཡིན་པར་ཕ་མ་དང་མོ་བ། རྩིས་པ་དག་གིས་ཀྱང་བསམ་གཞིག་གཏོང་དགོས།ལྷག་ཏུ་ས་ཆ་ལ་ལ་ན་ཕ་མ་འགའ་རེས་རང་གི་བུ་མོ་བཙན་གྱིས་མི་རིགས་གཞན་པ་དང་གཉེན་སྒྲིག་བྱེད་དུ་འཇོག་མཁན་ཡང་མང་བོ་གོ་ཐོས་བྱུང་སོང་།སྤྱིར་ཁོང་ཚོ་ལའང་ཁག་མེད་ཅིང་། འཛམ་གླིང་གི་ཁ་ཕྱོགས་མིག་གིས་མ་མཐོང་བའི་བོད་ཀྱི་སྐྱེས་པ་དག་གིས་རང་གི་ཆུང་མ་གཅར་རྡུང་བྱེད་རྒྱུ་ལས་བོད་ཀྱི་བུད་མེད་དག་གི་ཁེ་དབང་ལ་བརྩི་སྲུང་བྱེད་ཤེས་པ་ནི་ཉུང་ཉུང་ཡིན་པས།ཕ་མ་ཚོས་ཀྱང་རང་གི་བུ་མོ་ཚོ་སྐྱིད་ས་ཞིག་ཏུ་སྟེར་ཨེ་ཐུབ་ཀྱང་ལྟ་གི་ཡོད། མི་རིགས་གཞན་པ་ཚོས་ཅུང་ཙམ་རང་གི་ཆུང་མའམ་བུད་མེད་ལ་དེ་འདྲ་གཅར་རྡུང་མི་བྱེད་པས།ཕ་མ་ཚོས་ཀྱང་དེར་སྟེར་བ་རེད་བསམ་སོང་ལ། ཕྱོགས་གཅིག་ནས་བུ་མོ་བདེ་སྐྱིད་ཅུང་ཙམ་འབྱུང་བ་དང་ཕྱོགས་གཅིག་ནས་སྒོར་མོ་འགའ་ཡང་ཡོད་འདུག་འདོད་ནས།དེ་ལྟར་མི་རིགས་གཞན་པ་དང་གཉེན་སྒྲིག་ཏུ་བཅུག་པ་རེད་བསམ་སོང་། རང་གི་མི་རིགས་མ་འོངས་པ་ལ་གནས་ཐུབ་མི་ཐུབ་ཀྱི་ཕྱོགས་ལ་བསམ་གཞིག་གཏོང་ཤེས་མཁན་ཕ་མ་ཚོའི་ནང་ན་ཉུང་ཉུང་རེད།རྗེས་ཕྱོགས་ནས་བོད་ཀྱི་ཕ་མ་དག་གིས་བོད་མི་རིགས་མི་རིགས་གཙང་མ་ཞིག་ཏུ་ཨེ་ཆགས་ལྟ་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་རེད།
    
༼མཇུག་གཏམ།༽    
 རྩོམ་ཐུང་འདི་མཐོང་རྗེས་བོད་ཀྱི་བུད་མེད་ལ་ལ་ཞིག་གིས་བོད་ཀྱི་བུད་མེད་དག་གི་ཁེ་དབང་འཕྲོག་སོང་ཟེར་བ་དང་དམའ་འབབ་བྱས་འདུག་ཟེར་ནས་ས་ལྡིང་གནམ་ལྡིང་བྱེད་ན་ཐང་མོད།འོན་ཀྱང་ཁོ་བོས་ནི་བོད་ཀྱི་བུད་མེད་དག་ལ་དམའ་འབབ་བྱེད་ཀི་རྩ་བ་ཉིད་ནས་མེད། བོད་ཀྱི་བུད་མེད་དག་ཨ་མ་ཡག་པོ་ཞིག་བྱེད་རྒྱུའི་རེ་བ་གཏོང་གིན་ཡོད།བོད་མི་རིགས་གཙང་མ་ཞིག་གནས་དགོས་ན་བོད་ཀྱི་བུད་མེད་དག་ལ་གོང་ནས་བཤད་པ་བཞིན་རག་ལས། མཐའ་མཇུག    ་ཡང་བསྐྱར་སྙིང་ཁོང་རུས་པའི་གཏིང་ནས་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་ཀྱི་བུད་མེད་དག་གིས།མི་རིགས་གཞན་པ་དང་གཉེན་སྒྲིག་མི་བྱེད་པ་དང་། རང་གི་མི་རིགས་ཀྱི་བདེ་སྡུག་ལ་བསམ་གཞིག་གཏོང་རྒྱུ་གལ་ཆེ་བ་རེ་བ་ཡིན།

 

Topic: ཨ་མ་ཡག་པོ་ཞིག་བྱེད་རྒྱུའི་རེ་བ་གཏོང་གིན་ཡོད།

No comments found.

New comment