༄༅༎ གཡག་རྒོད་དྲ་གནས་ངོ་སྤྲོད།

༄༅༎ གཡག་རྒོད་དྲ་གནས་ངོ་སྤྲོད།

གཡག་རྒོད་ནི་ཁ་ན་ཊའི་ནང་དུ་རྟེན་གཞི་བྱས་པའི་བོད་ཀྱི་བྱིས་པའི་སློབ་གསོའི་བྱ་བ་གཉེར་མཁན་ཞིག་ཡིན། དེ་ནི་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བ་བདུན་པའི་ཚེས་དྲུག་ཉིན་གསར་འཛུགས་བྱས་པ་དང་ལྷན་དུ་དྲ་གནས་འདི་ཡོངས་ཁྱབ་སྒོ་འབྱེད་བྱས་པ་ཡིན་ལ། དྲ་གནས་འདིའི་དམིགས་འདུན་གཙོ་བོ་ཁ་འཐོར་དུ་གནས་པའི་བོད་ཀྱི་བྱིས་པ་རྣམས་ཀྱིས་སྐད་ཡིག་རིག་གནས་རྒྱུན་འཛིན་ཐུབ་པའི་མཐུན་རྐྱེན་ལ་དམིགས་པ་ཡིན།

སྐད་ཡིག་གཉིས་ནི་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་ཆ་རྐྱེན་ཨང་དང་པོ་ཡིན་པ་དང་། དེ་མི་ཉམས་རྒྱུན་འཛིན་ཐུབ་པ་ལ། དུས་རབས་དང་མཐུན་པའི་ཐོན་ཁུངས་ཀྱི་མ་ལག་བཙུགས་ཏེ། ཕ་མ་དང་བུ་ཕྲུག་ལ་ཉེར་མཁོའི་རྒྱུ་ཆ་མཁོ་སྤྲོད་བྱ་ཐུབ་པ་བྱེད་དགོས། དེ་ན་ང་ཚོས་ཀྱང་གཡག་རྒོད་བྱིས་པའི་དྲ་གནས་འདི་བརྒྱུད་ནས་གནའ་དེང་གི་བྱིས་སྒྲུང་སྣ་ཚོགས་དང་། སྙན་འཕྲིན། གླུ་གཞས་སོགས་བྱིས་པའི་རིག་གནས་དང་འབྲེལ་བའི་རྒྱུ་ཆ་གང་ལ་གང་འཚམ་ཤིག་མཁོ་སྤྲོད་བྱེད་ཀྱི་ཡིན།

དྲ་གནས་འདི་སྐྲུན་པའི་དམིགས་འདུན་གཞན་ཞིག་ནི་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་དར་རྒུད་ལ་དོ་ཁུར་ཡོད་པའི་ཤེས་ལྡན་མི་སྣ་འམ། ཁྱད་ལས་པ་དང་ཆེད་ལས་པ་དག་ལ། བྱིས་པའི་སློབ་གསོ་དང་འབྲེལ་བའི་སྐད་ཡིག་རིག་གནས་གོང་སྤེལ་གྱི་བྱ་བཞག་དང་ཐབས་ལམ་སྐོར་གླེང་སློང་བྱེད་སའི་སྟེགས་བུ་ཤིག་དང་། ཉམས་མྱོང་བརྗེ་རེའི་བྱེད་སའི་ཁོར་ཡུག་ཅིག། རྒྱུ་ཆ་བཟོ་བསྐྲུན་བྱེད་སའི་བཟོ་གྲྭ་ཞིག། ཕ་སྐད་རྒྱུན་འཛིན་བྱེད་སའི་ཕ་ཁྱིམ་ཞིག་ཏུ་འགྱུར་ཐུབ་པ་དེ་ཡིན།

དེའི་ན་བྱིས་པའི་ལོ་ཚོད་ལ་གཞིགས་པའི་སྐད་ཡིག་རིག་གནས་དར་སྤེལ་ལ་ངེས་པར་མཁོ་བའི་རྒྱུ་ཆ་སྣ་ཚོགས་གསར་གཏོད་དང་བཟོ་བསྐྲུན། བསྡུ་བསྒྲིགས་བྱས་དེ། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་སྟབས་བདེ་བའི་ཕྱིར་དྲ་ལམ་ནས་ཞབས་ཞུ་བསྒྲུབ་ཐུབ་པའི་རིགས་རྣམས་དྲ་ལམ་རང་ནས་འབུལ་ལམ་ཞུ་རྒྱུ་དང་། ཞབས་ཞུ་གཞན་དག་ཚོགས་སྡེ་དང་མི་སྒེར་བརྒྱུད་ནས་བོད་ཕྱི་ནང་གཉིས་སུ་འགྲེམ་སྤེལ་ཅི་ཐུབ་བྱས་ཏེ་བོད་རིགས་སྤུན་ཟླའི་དགོས་མཁོ་སྐྲུན་རྒྱུ་ཡིན།

དམིགས་ཡུལ་ཟབ་མོའི་ཀླུང་དང་རྨི་ལམ་སྐྱིད་པའི་ཚལ་དུ་རྩེན་བཞིན་པའི་གཡག་རྒོད་ཀྱི་དངོས་ཡོད་གནས་སྟངས་ནི་རང་མགོ་ཐོན་ལ་མ་ཐོན་པའི་ཕྲུ་གུ་ཆུང་ཆུང་ཞིག་ཡིན། འོན་ཀྱང་ཕྲུ་གུ་འདིའི་མངོན་འདོད་གསལ་བོ་ཡིན་པ་དང་ཆོད་སེམས་བསྟན་པོ་ཡིན། དེ་ན་མུ་མཐུད་དུ་ཧུར་བརྩོན་ཆེན་པོའི་ངང་དྲ་ལམ་འདི་བརྒྱུད་དེ་ཁ་འཐོར་བོད་མའི་སྤྱི་ཚོགས་སུ་བྱིས་པའི་སློབ་གསོ་དར་སྤེལ་གྱི་བྱ་བཞག་གི་ལས་དོན་ལ་འབད་རྒྱུ་ཡིན།

བྱིས་པའི་སྐད་ཡིག་རིག་གནས་ཀྱི་ལས་དོན་ལ་དགའ་ཞེན་དང་རྒྱབ་སྐྱོར་ཡོད་པའི་གཞུང་དང་ཚོགས་སྡེ། མི་སྒེར་སོགས་སུ་ཡིན་ནའང་ང་ཚོར་འབྲེལ་བ་གནང་རོགས། གལ་ཏེ་ཉིད་ཀྱི་ཐུགས་འདུན་དེ་ང་ཚོའི་དམིགས་འདུན་དང་མཐུན་པར་ཡོད་ན་མ་འོང་བར་ལས་འཆར་ལ་གང་ཡང་རུང་བ་རེ་ལ་མཉམ་ཞུགས་དང་ཡང་ན་མཉམ་འབྲེལ་བྱ་ཆོག།།

 

Introduction of the Website

Wildyaks was established in July 2011 in Canada. Our organization's main purpose is the preservation and promotion of Tibetan children’s education. At the same time, Wildyaks also opened a website to the public. Our main hope for this website is to give linguistic and culture supports to the Tibetan children who are scattered around the world.

Language is the number one distinguisher of identity for different groups of people. In order to preserve a language there needs to be contemporary resources and services to provide materials and instruments to parents and their children. Therefore, our goal is to provide traditional and modern children’s stories along with illustrations, videos, cartoons, story telling on video and children’s songs and much more in the Tibetan language.


The other purpose of this website is to set up a place for concerned individuals, scholars, specialists and professionals to discuss the importance of preservation and promotion of language and culture. This is a place to exchange ideas and experiences. This is also a place to introduce new materials and a place to preserve the language of Tibet.

Wildyaks' aim is to create materials and post these resources on our website for different ages of children, and for different levels of Tibetan language learners. Other materials that we are not able to introduce online we will aim to distribute to Tibetan communities through individuals, organizations and even government agencies.

In reality, Wildyaks is just like a newly born baby, it is in its beginning but has beautiful dreams and a deep vision. Wildyaks has an unshakable determination, a pure dedication and aims to provide the best medium to meet the needs of the scattered Tibetan communities around the world. The long-term vision of Wildyaks is to become one of the global resource centers for Tibetan children’s educational materials.

For people who are interested in involving with our mission then you are welcome to contact with us. We work with government agencies, non profit organisations, writers, illustrators and any dedicated individuals.