ང་ཚོ་འགྲོ།

ང་ཚོ་ཚང་མ་གངས་ཀྱི་བུ་ཕྲུག་ཡིན།།
ང་ཚོའི་ཕ་མས་གངས་ཆུ་འཐུང་ནས་ཡོང་།།
ང་ཚོ་ཕ་ཡུལ་ཕྱོགས་སུ་འགྲོ་ཡ་འགྲོ།
གངས་ཆུ་དྭངས་མོ་འཐུང་གི་འགྲོ་ཡ་འགྲོ།

    

ང་ཚོ་ཚང་མ་རྩམ་པའི་བུ་ཕྲུག་ཡིན།།
ང་ཚོས་ཕ་མས་རྩམ་པ་ཟོས་ནས་ཡོང་།།
ང་ཚོ་ཕ་ཡུལ་ཕྱོགས་སུ་འགྲོ་ཡ་འགྲོ།།
སྦྲང་དཀར་རྩམ་པ་ཟ་རུ་འགྲོ་ཡ་འགྲོ།

 

ང་ཚོ་ཚང་མ་འབྲི་མོ་དཀར་མོའི་བུ་ཕྲུག་ཡིན།།
ང་ཚོའི་ཕ་མས་འབྲི་འོ་འཐུང་ནས་ཡོང་།།
ང་ཚོ་ཕ་ཡུལ་ཕྱོགས་སུ་འགྲོ་ཡ་འགྲོ།
འབྲི་འོ་ཞིམ་པོ་འཐུང་གི་འགྲོ་ཡ་འགྲོ།

 

ང་ཚོ་ཆ་ཚང་བོད་པའི་བུ་ཕྲུག་ཡིན།།
ང་ཚོའི་ཕ་མས་བོད་སྐད་བཤད་ནས་ཡོང་།།
ང་ཚོ་ཕ་ཡུལ་ཕྱོགས་སུ་འགྲོ་ཡ་འགྲོ།
བོད་ཀྱི་ཚེ་སྲོག་ཀ་ཁ་སློབ་ཏུ་འགྲོ་ཡ།།

༡༣/༣/༢༠༡༣ ཉིན་སྐུ་ཞབས་ནམ་མཁས་བྲིས།