ནི་རྗེ་ཨེ་རེས་འན་དམངས་ཁྲོད་སྒྲུང་གཏམ།

འདོད་རྔམ་གྱི་འབྲས་བུ།

༄༅།། དུས་སྐབས་ཤིག་ན།  གཅན་གཟན་དང་རི་དྭགས་སོགས་སེམས་ཅན་རྣམས་ཀྱི་རྒྱལ་ཁམས་ལ་ཐན་པ་བྱུང་སྟེ། ཆར་ཆུ་དུས་སུ་མ་བབས་པ་དང་། ལོ་ཏོག་དུས་ལྟར་མ་སྐྱེས་པས། རྒྱལ་ཁམས་དེར་གནས་པའི་སེམས་ཅན་རྣམས་ལ་མུ་གེ་བྱུང་སྟེ། ཐམས་ཅད་ཉམ་ང་བའི་གནས་སུ་གྱུར་ཡོད་པ་རེད། འོན་ཀྱང་། ཁྱི་རྒན་ནག་ལྡང་ཚང་གི་ནང་མི་རྣམས་ཀྱི་ལུས་ལ་ཤ་ཤེད་སྔར་ལྟར་རྒྱས་ཏེ་བདེ་བར་གནས་ཡོད།
 


རུས་སྦལ་སྔོ་གྱོང་ཚང་ལ་མཚོན་ན། ནང་མི་རྣམས་མུ་གེའི་སྡུག་བསྔལ་གྱིས་མནར་ཏེ་ཅི་བྱ་གཏོལ་མེད་དུ་གནས་ཡོད་པ་རེད། ཉིན་ཞིག་རུས་སྦལ་སྔོ་གྱོངགི་སེམས་ལ།  ཁྱི་རྒན་ནག་ལྡང་ཚང་གི་ནང་མི་རྣམས་ཀྱི་ལུས་པོ་སྔར་ལྟར་བདེ་ཐང་ཡིན་པ་ལ་བསམ་ན། ཁྱི་རྒན་ནག་ལྡང་ལ་གསང་བ་ཞིག་ཡོད་པ་ཐག་ཆོད་རེད་བསམ་ཞོར།ཕྱི་ཉིན་ཁྱི་རྒན་ནག་ལྡང་ལ་སྐད་ཆ་འདྲི་རུ་འགྲོ་རྒྱུར་སེམས་ཐག་བཅད།

 


ཕྱི་ཉིན་ཞོགས་པར་རུས་སྦལ་སྔོ་གྱོང་སྔ་བོར་ལངས་ཏེ་ཁྱི་རྒན་ནག་ལྡང་གི་དྲུང་དུ་སོང་ནས། གྲོགས་པོ་ལགས། ངའི་ནང་མི་རྣམས་ལ་ཟས་མ་རེག་པར་ཉིན་མང་པོ་ཕྱིན་སོང་བས། ཉི་མ་འཁྱོལ་དཀའ་བའི་གནས་སུ་གྱུར་ཡོད། ཁྱེད་ནང་མི་རྣམས་ཀྱི་ལུས་པོ་སྔར་ལྟར་བདེ་ཐང་ཡིན་པ་ལ་བསམ་ན། ཁྱོད་ལ་གསང་བ་ཞིག་ཡོད་པ་ཐག་ཆོད་རེད། གྲོགས་པོས་བདག་ལ་སྙིང་རྗེས་གཟིགས་ནས་གསང་བ་དེ་གསུང་གནང་རོགས་མཁྱེན་ཞེས་ཞུ་བ་ཡང་ཡང་འཐེན། ཁྱི་རྒན་ནག་ལྡང་གི་སེམས་སུ་རུས་སྦལ་སྔོ་གྱོང་ནང་མི་རྣམས་ལ་སྙིང་རྗེ་སྐྱེས་ཏེ། རུས་སྦལ་སྔོ་གྱོང་གྲོང་འདབས་ཀྱི་ཞིང་ནང་དུ་ལ་ཕུག་རྐུ་རུ་ཁྲིད་པརེད།



ཁོང་གཉིས་གྲོང་འདབས་ཀྱི་ཞིང་ནང་ལ་སླེབས་དུས། རུས་སྦལ་སྔོ་གྱོང་གིས་ཁ་ནས། ཨ། དཀོན་མཆོག་མཁྱེན། ཨ།དཀོན་མཆོག་མཁྱེན་ཞེས་ལབ་ཞོར་དུ་ལ་ཕུག་སྣོད་གང་བཏུས། སྐབས་དེར། ཁྱི་རྒན་ནག་ལྡང་གིས་ལ་ཕུག་གཅིག་ཨམ་ཕྲག་ཏུ་འཇུག་ཞོར་དུ། རུས་སྦལ་སྔོ་གྱོང་ལ། ཡ་གྲོགས་པོ། ངེད་གཉིས་ཀྱིས་རྐུ་བྱེད་ཀྱི་ཡོད་པ་རེད། འདོད་རྔམ་ཆེ་ན་ཡག་པོ་ཡོད་པ་མ་རེད། དེ་ལས་རྐུ་ཐེངས་རེར་ལ་ཕུག་རེ་བསྐོས་པ་ཡིན་ན་ཞིང་བས་ཤེས་ཀྱི་མ་རེད། གལ་ཏེ་ད་ཐེངས་ཞིང་བས་ཤེས་སོང་བ་ཡིན་ན། ངེད་གཉིས་ལས་སླ་བོར་འཇོག་གི་མ་རེད་ཅེས་ཁ་ཏ་བྱས། འོན་ཀྱང་རུས་སྦལ་གྱིས་ཁྱི་རྒན་ནག་ལྡང་གི་ཁ་ལ་མ་ཉན་པར། ལ་ཕུག་སྣོད་གང་བཏུས་ཏེ་རྒྱབ་ཏུ་ཁུར།

 

ཕྱིར་ནང་ལ་ལོག་པའི་ལམ་བར་དུ། རུས་སྦལ་སྔོ་གྱོང་གི་འཁུར་བའི་ལ་ཕུག་གི་སྣོད་དེ་ལྕི་དྲགས་པས། དཀའ་ལས་ཤིན་ཏུ་ཁག་པ་དང་། སེམས་ལ་ཁྱི་རྒན་གྱིས་ང་ལ་ཁུར་རོགས་ཙམ་ཡང་བྱེད་ཀྱི་མི་འདུག་པ་ནི། མཐོང་ཆུང་རང་རེད་སྙམ་ནས།སྐད་ཤུགས་ཆེན་པོས། ཨ་རོགས་ཁྱི་རྒན། ཁྱོད་ཀྱིས་ང་ལ་ཕུག་འཁུར་རོགས་མི་བྱེད་ན་ངས་སྐད་རྒྱག་རྒྱུ་ཡིན་ཞེས་འཇིགས་སྐུལ། སྐབས་དེར། ཞིང་བ་བུ་མོས་ཐོས་པ་དང་། དབྱུག་པ་ཆེན་པོ་ཞིག་བཟུང་སྟེ། ཁོང་གཉིས་ཀྱི་རྗེས་སུ་རྒྱུགས་འོང་། ཁྱི་རྒན་ནག་ལྡང་རྒྱུག་ཐེངས་གཅིག་གིས་ཐག་རིང་བོར་བརྒྱུགས་སོང་། རུས་སྦལ་སྔོ་གྱོང་གིས་སྟབས་མ་ལེགས་པ་ཤེས་ཏེ། ཁྱི་རྒན་ནག་ལྡང་རྐུན་མ་རེད། ང་རུས་སྦལ་སྔོ་གྱོང་རྐུན་གཡོག་ཡིན་ཞེས་ཁེར་ལབ་བྱེད་བཞིན་པའི་ཚེ། ཞིང་བ་བུ་མོ་དེས་ཤུགས་ཆེན་པོས་རུས་སྦལ་གྱི་རྒྱབ་ཏུ་དབྱུག་པས་གཞིས་པ་ན། དབྱུག་པ་དེ་རུས་སྦལ་གྱི་རྒྱབ་ཀྱི་ཤུན་ཀོག་ལ་ཕོག་སྟེ་དུམ་བུར་ཆག སྐབས་དེར་རུས་སྦལ་གྱི་ཁ་ནས་སྐད་ངན་འདོན་བཞིན་གོག་མ་ནུར་གྱིས་བྲོས་སོང་། །

 

 

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ནི་འ་རྗེ་ཨེ་རེས་འན་དམངས་ཁྲོད་སྒྲུང་གཏམ།

cialis at discount price

Belmflues | 05/07/2021

<a href=https://vscialisv.com/>cialis 20mg</a>

cialis online purchase

Belmflues | 23/06/2021

<a href=https://vsnolvadexv.com>tamoxifen citrate for sale

cialis at discount price

Belmflues | 05/07/2021

<a href=https://vscialisv.com/>cialis 20mg</a>

how much does cialis cost

Belmflues | 10/06/2021

<a href=https://vscialisv.com>buying cialis online safe

cialis online purchase

Belmflues | 23/06/2021

<a href=https://vsnolvadexv.com>tamoxifen citrate for sale

where to order cialis online

Belmflues | 24/05/2021

<a href=https://priligyset.com/>cialis dapoxetine overnight shipping

how much does cialis cost

Belmflues | 10/06/2021

<a href=https://vscialisv.com>buying cialis online safe

benefist mutiple erection orgasam cialis

urbasia | 12/05/2021

<a href=https://fcialisj.com/>cialis 20mg for sale

free cialis 2008 jelsoft enterprises ltd

ImidwAy | 23/04/2021

https://ponlinecialisk.com/ - best site to buy cialis online

benefist mutiple erection orgasam cialis

urbasia | 12/05/2021

<a href=https://fcialisj.com/>cialis 20mg for sale

1 | 2 >>

New comment