འདོད་སྲེད་ཆེ་བའི་གྲོགས་པོ་གསུམ།

འདོད་སྲེད་ཆེ་བའི་གྲོགས་པོ་གསུམ།

 

༄༅ །། གནའ་སྔ་མོ་ཞིག་ན། ས་ཆ་ཞིག་ཏུ་འདོད་རྔམ་ཤིན་དུ་ཆེ་བའི་གྲོགས་པོ་གསུམ་ཡོད་པ་ཤིང་ནགས་དཀྱིལ་དུ་རྩེད་མོ་རྩེ་རུ་སོང་དུས་གསེར་བླུགས་པའི་དངུལ་ཁུག་ཅིག་རྙེད་པ་དང་། ཁོའང་ཚོ་དགའ་ཐག་ཆོད་ནས་བགོ་བཤའ་ཆ་སྙོམས་རྒྱག་རྒྱུའི་ཐག་གཅོད་བྱས།

 

ནགས་ཚལ་དེ་ན་ཆུ་མེད་པས་གང་འཚམས་སོང་རྗེས་ཁོང་ཚོའི་ཁ་ཧ་ཅང་སྐོམ་པ་དང་། གྲོགས་པོ་གཅིག་ལུང་བ་གཞན་དུ་ཆུ་འཚོལ་དུ་སོང་བ་དང་། ཤུལ་དུ་ལྷག་པའི་གྲོགས་པོ་གཉིས་ཀྱིས་རྩམ་ཁུག་ནང་དུ་དུག་བསྲེས་པ་དང་། གྲོགས་པོ་ཆུ་འཚོལ་དུ་འགྲོ་མཁན་དེ་བསད་དེ་གསེར་རྣམས་ཁོང་གཉིས་ཀྱིས་བགོ་བཤའ་རྒྱག་རྒྱུའི་གྲོས་ངན་བྱས་པ་རེད།


ལུང་བ་གཞན་དུ་ཆུ་ལེན་དུ་འགྲོ་མཁན་གྱི་གྲོགས་པོ་དེས་གསེར་ཆ་ཚང་རང་ཉིད་ལ་ཐོབ་ན་སྙམ་སྟེ། ཆུའི་ནང་དུ་དུག་བཏབ་པ་དང་། ཁོ་ཕྱིར་བསླེབས་ནས་རྩམ་པ་ཞིག་འགམ་དུས། རྩམ་པའི་ནང་དུ་དུག་བཏབ་ཡོད་སྟབས་དེ་མ་ཐག་ཤི་བ་རེད། དེ་ནས་གྲོགས་གཞན་གཉིས་ཀྱིས་སྔོན་ལ་གསེར་མ་བགོས་པར་དུག་ཅན་གྱི་ཆུ་དེ་འཐུང་བར་བརྟེན་གློ་བུར་དུ་ཤི་བ་དང་། གསེར་རྣམས་གཅིག་ལའང་མ་དབང་བ་རེད།།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག