བསམ་མི་ཤེས་པའི་ར་མའི་ལས་དབང་།

བསམ་མི་ཤེས་པའི་ར་མའི་ལས་དབང་།

 

༄༅ །། སྔོན་ཞིག་གི་དུས་ན། ཡུལ་ཀུན་མཐུན་རྭ་བ་ཞེས་འབོད་པ་ཞིག་ཏུ། རྩྭ་གང་བཟང་དང་ཆུ་གང་ཞིམ་ལ་བརྟེན་ནས་རང་དབང་ངང་འཚོ་བ་རོལ་བའི་ར་མ་ཞིག་ཡོད་པ་དེ། སྤྱང་ཀི་ཞིག་གིས་ནམ་ཡང་ར་མ་དེ་ཟ་འདོད་སྐྱེས་མོད། འོན་ཀྱང་ར་མ་དེར་གྲོགས་པོ་ཁྱི་བཙན་པོ་ཞིག་ཡོད་སྟབས། རྭ་མོ་དེ་སྤྱང་ཀིས་བཟའ་མ་ཐུབ།


ཉིན་ཞིག་སྤྱང་ཀི་དེ་ཝ་མོ་ཞིག་ཡོད་པའི་སར་སོང་ནས་འདི་སྐད་དུ། ཨ་ཅེ་ཝ་མོ་ལགས། འཇིག་རྟེན་འདི་ན་ཁྱོད་ལས་བློ་རིག་ཅན་ཞིག་མེད་པས། ཁྱོད་སོང་ནས་ར་མ་དང་ཁྱི་རྒན་གཉིས་རང་རང་སར་ཁ་བྲལ་ཐུབ་ན། ངས་ར་མ་བསད་དེ་འུ་ཅག་གཉིས་ཀྱིས་ར་ཤ་ཚོན་པོ་མཉམ་བཟའ་དང་ར་ཁྲག་དྲོན་མོ་མཉམ་འཐུང་བྱས་ཆོག་ཅེས་བཤད་པར།


 

ཝ་མོ་ར་མའི་བསྡོད་སར་སོང་སྟེ་ངག་འཇམ་པོ་དང་སྐད་གདང་དམའ་མོས་འདི་སྐད་དུ། ཀ་ཡེ་ཨ་ཅེ་ར་མ་ལགས། ཁྱོད་ནི་གཞུང་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་རྩྭ་གཟན་ཞིག་ཡིན་རུང་། ཁྱོད་ཀྱི་གྲོགས་པོ་དེ་ངང་རྒྱུད་རྩུབ་ཅིང་ཞེ་སེམས་གནག་པའི་ཁྱི་རྒན་ཤ་གཟན་ཞིག་ཡིན་པས། གཞན་གྱིས་ཁྱོད་ཀྱང་ཁྱི་འདྲ་བ་ཞིག་རེད་ཅེས་མི་བཤད་དགུ་བཤད་བྱེད་པར་མ་ཟད། ཉིན་ཞིག་ཁྱོད་རང་ཡང་ཁྱི་རྒན་གྱིས་ཁ་ཟས་སུ་འགྱུར་རྒྱུ་ཡིན་པར་བསམ་བློ་ཐོངས་ཟེར།


 

དེ་ནས་ར་མའི་སེམས་སུ། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་ཐུབ་པའི་སྨན་ལ་ཞིམ་པོ་མེད། ཟེར་བའི་དཔེ་ཡོད་པའི། ཨ་ཅེ་ཝ་མོའི་སྐད་ཆ་ཚང་མ་ང་རང་ལ་ཤ་ཚ་བའི་སེམས་གཏམ་རེད་བསམ་ཏེ་ཁྱི་རྒན་ལ་འདི་སྐད་དུ། ཨ་རོག་ཁྱི་རྒན་ལྡོམ་པོ། ཁྱོད་དང་ང་གཉིས་མཉམ་འགྲོ་མཉམ་འདུག་བྱས་ཚེ། གཞན་གྱིས་ང་ཡང་ཁྱི་རྒན་ཁྱོད་འདྲ་འདྲ་ཞིག་རེད་ཅེས་བཤད་རྒྱུ་ཡིན་པར་མ་ཟད། ཉིན་ཞིག་ངཁྱོད་ཀྱིས་ཁ་ཟས་བྱ་ཡང་མི་སྲིད་པ་མིན་པས། དེ་རིང་ནས་བཟུང་ངེད་གཉིས་པར་གྱི་གྲོགས་པོའི་འདུ་ཤེས་མེད་པས། ས་གར་ཕེབས་རང་གིས་འདོད་པ་བྱོས་ཞེས་ཟེར་ནས། ཁྱི་རྒན་ཁོ་ཁྲོ་ཟ་ཐག་ཁྱོད་དེ་ར་མ་ལས་ཁ་བྲལ་ཏེ་སོང་ངོ་།

 

 

དེ་ནས་ཁྱི་རྒན་སོང་རྗེས་ར་མ་གཅིག་པོར་ལུས་པའི་སྐབས་སུ། སྤྱང་ཀི་འོང་ནས་ར་མ་བསད་དེ་ཨ་ཅེ་ཝ་མོ་དང་མཉམ་དུ་ར་ཤ་ཟོས་ཤིང་ཁོག་ཁྲག་ཚ་བོ་འཐུང་ནས་ཁ་ཟས་ལེགས་པོ་ཞིག་ལ་རོལ་སོང་ངོ་། །

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: རུས་སྤལ་དང་སྤྲེའུ།

urban generic cialis cialis online

AFrauckcica | 21/06/2020

<a href="https://cialisle.com/">cheap cialis online</a>

New comment