སྙན་ཞུ།

Friday, June 3, 2016

Dear Pema la

First I would like to congratulate you on your victory. There is something that has been on my mind for quite sometime and I have a request for you and the Tibetan parliament.

As you know, Tibetan communities in western counties are facing a serious problem with the deterioration of the Tibetan language.

Our organization has had experience with this working on projects focused on Tibetan Children's education. I truly believe that the only way to reverse this situation is for the office Tibet and Tibetan Community Organizations to use the Tibetan language equally as much as the language of the community they are residing in in exile. To do this the members of the Tibetan Parliament needs to pass legislation. Then CTA needs to make sure to implement that legislation within every Tibetan Organizations. If we are able to do that then this can safeguard the Tibetan communities and the language from extinction. Therefore I hope you raise this important topic in the parliament in order to make this legislation

Than you very much

Wildyaks Editorial Board Members Www.wildyaks.com

 

 

ཤིན་ཏུ་བཀུར་འོས་པའི་བྱང་ཨ་རིའི་སྤྱི་མཐུས་པད་མ་ཕྱག་མཛོད་ཚང་ལགས་ཀྱི་དྲུང་དུ་ལག་ཟུང་ཐལ་མོ་སྦྱར་ཏེ་གསོལ་བ་རྩེ་གཅིག་ཏུ་འདེབས་སྙིང་། ནུབ་ཕྱོགས་རང་དབང་རྒྱལ་ཁབ་ཁག་ན་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཆེས་ཛ་དྲག་ཆེ་བའི་གནད་དོན་ཞིག་ཡོད་པ་ནི་བོད་པའི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་པའི་དངོས་ཡོད་ཀྱི་གནས་སྟངས་དེ་རེད། ང་ཚོས་ལོ་འགའི་རང་ལ་བོད་ཀྱི་བྱིས་པའི་སློབ་གསོའི་ལས་ཀ་བྱས་པའི་ཉམས་མྱོང་ལ་གཞིག་ན། གནད་དོན་དེ་སྐྱོབ་ཐབས་ཀྱི་ཐབས་མཆོག་གཅིག་ཡོད་པ་ནི། ནུབ་ཕྱོགས་སུ་གནས་པའི་བོད་པའི་ཚོགས་སྡེ་རྣམས་ལ་གཏིང་འཛིན་གནང་མཁན་གྱི་དོན་གཅོད་ཀྱི་ལས་ཁུངས་གཙོ་བྱས་པའི་བོད་རིག་སྤྱི་མཐུན་ཚོགས་པ་ཚང་མའི་ནང་དུ་བོད་སྐད་དང་བོད་ཡིག་གཉིས་གནས་ཡུལ་རྒྱལ་ཁབ་གྱི་སྐད་དང་ཡི་གེ་ལྟར། ཐོབ་ཐང་འདྲ་མཉམ་གྱི་གནས་སྟངས་འོག་ཏུ་བཀོལ་སྤྱོད་ངེས་པར་དུ་བྱེད་དགོས་པའི་ཁྲིམས་དང་སྒྲིག་གཞི་ཞིག་གསར་དུ་བཟོ་དགོས། གལ་སྲིད་འདི་འདྲའི་ཁྲིམས་སྒྲིག་ཅིག་བཟོས་ཏེ་བཙན་བྱོལ་སྒྲིག་འཛུགས་གྱི་ཁྱབ་ཁུངས་སུ་གནས་པའི་ནུབ་ཕྱོགས་བོད་རིགས་སྤྱི་མཐུན་ཚོགས་པ་ཚང་མ་ལ་ངེས་པར་དུ་ལག་ལྟར་བྱེད་དགོས་པའི་བཀོད་ཁྱབ་ཞིག་བཏང་བ་ཡིན་ན། འཆི་ལམ་དུ་སྐྱོད་བཞིན་པའི་ནུབ་ཕྱོགས་བོད་པའི་སྤྱི་ཚོགས་རྣམས་སྐྱོབ་ཐུབ་པར་མ་ཟད། འཐབ་རྩོད་ཀྱི་རྩ་བ་བསྐལ་བརྒྱར་བརྟན་པར་ཕན་གྲོགས་བླ་མེད་ཡོད་པར་གདོན་མི་ཟ་བས། བཀུར་འོས་སྤྱི་མཐུས་མཆོག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ། དེ་དོན་སྤྱི་མཐུས་གྲོས་ཚོགས་སུ་གླེང་སློང་ཡོང་བའི་རེ་འབོད་ཞུ་ཞེས་གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོའི་ལས་གཞིའི་རྩོམ་སྒྲིག་པ་ཐུན་མོང་ནས་།
  • སྤྱི་ལོ༢༠༡༦ ལོའི་ཟླ་བ ༥ བའི་ཚེས ༤ ལ་གུས་པ་དང་བཅས་ཕུལ།
     
     
     

 

Topic: སྙན་ཞུ།

sea buying tadalafil online ally

AFrauckcica | 17/06/2020

<a href="https://cialisle.com/">cialis online no prescription</a>

To change the birth place in green book

Karma damdul | 23/09/2019

Can please help me

sea buying tadalafil online ally

AFrauckcica | 17/06/2020

<a href="https://cialisle.com/">cialis online no prescription</a>

New comment