ནོར་བཅོས་དང་། སྒྲུང་གི་བསྟན་དོན།

བསེ་རུ། | | 25/10/2012

ཤིང་གི་མི་ལྷ་སར་ཕྱིན་པའི་སྒྲུང་གི་གཤམ་དུ་མཆན་བུ་འདེབས་ཐབས་མི་འདུག་པས།
འུ་ཐུག་ནས་འདིར་བཀོད་པ་ལགས་ན། དགོངས་འགལ་མེད་པ་ཞུ།
མ་དག་པ། དག་པ།
མི་ཚེའི་གཅིག་གི་རིང་། མི་ཚེ་གཅིག་གི་རིང་།
བཟང་ཚང་གཉིས་དང་། བཟའ་ཚང་གཉིས་དང་།
གཡག་ཞོན་ནས། གཡག་བཞོན་ནས།
གཡར་བཞི་གཡར་རོགས། གཡག་བཞི་གཡར་རོགས།
བཟའ་གྲབ་བྱེད་པ་དང་། བཟའ་གྲབས་བྱས་པ་དང་།
སོ་ རྒྭག་གི སོ་རྒྱག་ཏུ།
ལུས་པོ་སོ་བརྒྱབ། ལུས་པོར་སོ་བརྒྱབ།
རྒྭགས་ཆུ། རྒྱུགས་ཆུ།
འགྲེད་བརྡར། འདྲེད་བརྡར།
འཁྱེར་གྲབ་བྱེད་ཀི་ཡོད་པ་རེད། འཁྱེར་གྲབས་བྱེད་ཀྱི་ཡོད་པ་རེད།
འགྲོ་གྲབ། འགྲོ་གྲབས།
ཕེབ་ཡོང་བ་དང་། ཕེབས་ཡོང་བ་དང་།


བསྟན་དོན་སྙིང་པོ།
གཞན་ཕན་གྱི་ཀུན་སློང་བཟང་པོ་བཅངས་པ་ཙམ་མ་ཡིན་པར་དོན་དངོས་ལག་ལེན་གྱི་སྟེང་ནས་ཕན་བསྒྲུབ་རྒྱུར་ཤིང་གི་མིས་ཡོད་ཚད་བློས་གཏོང་བྱས་པ་ལྟར།
ང་ཚོ་འཛམ་གླིང་འདིའི་སྟེང་གི་མི་རིགས་སུ་འདྲ་ཞིག་དང་། མི་མཆོག་དམན། དབུལ་ཕྱུག སྐྱ་སེར། རྒན་བྱིས་བར་གསུམ་སུ་ཞིག་ཡིན་ནའང་། རང་ཉིད་ཀྱི་མི་ཚེའི་ནང་གཞན་ཕན་གྱི་བྱ་བ་གང་མང་མང་བསྒྲུབ་དགོས་པའི་སྐུལ་མ་བཏང་ཡོད།
རང་ལས་གཞན་གཅེས་ཀྱི་བསམ་བློ་དེ་ལག་ལེན་རང་བཞིན་སྟེང་དུ་འབེབས་དགོས་པ་བསྟན་ཡོད་དོ།།

New comment