ཁྱེད་ངོ་མ་དཔེ་བཟང་གི་ཨ་ཕ་ཞིག་རེད་འདུག

བསྟན་འཛིན་བདེ་སྐྱིད་ | 16/06/2017

དོན་འགྲུབ་ལགས་ཁྱེད་ཀྱི་སེམས་གཏམ་དེ་ངོ་མ་ཡག་པོ་འདུག ང་རང་རྒྱ་གར་ནས་ཨ་རིར་ལོ་གཉིས་ཀྱི་རིང་གཙུག་ལག་རམ་བྱམས་པའི་སློབས་གཉེར་ཆེད་དུ་ཡོང་པ་ཡིན་ ངའི་སློབ་སྦྱོང་ནི་ཤེས་ཡོན་ཐད་བྱིས་པའི་འཚར་ལོངས་སྐོར་ཡིན་(early childhood education) ང་རང་ག་དུས་ཡིན་ཡང་བོད་པའི་བུ་ཕྲུག་ཚོར་བོད་པའི་རིགས་གཞུང་ཆོས་གོམ་གཤིས་དང་མཐུན་པའི་ཐོག་ནས་འཚར་ལོངས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ཁྱེད་རང་གི་རང་འཁུར་ཐོག་རང་ཉིད་ཀྱི་བྱིས་པར་འཚར་ལོངས་ཚད་ལྡན་ཞིག་སྐྲུན་ཐབས་གནང་པ་མ་ཟད་སེམས་གཏམ་དེའི་རྒྱུད་བོད་པའི་ཕ་མ་གཞན་རྣམས་ལའང་ལམ་སྟོན་གནང་བ་དེ་ལ་གུས་མོས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་།

New comment