བྱིས་པའི་བརྩེ་གླུ།
27/07/2011 23:47
༄༅།། བསིལ་ལྡན་གངས་རིས་བསྐོར་བའི།།
བོད་ཡུལ་དག་པའི་ཞིང་ཁམས།།
ཆོས་སྲིད་མི་སྨོན་རང་སྐྱིད་རང་དབང་གི།
རྫོགས་ལྡན་མངོན་སུམ་གསལ་ལ་གསལ།
སྨན་ལྗོངས་ལྷ་ཡི་ཟློས་གར།།
མཛེས་སྡུག་གཞོན་ནུ་ཕོ་མོ།།
སྙན་འཇེབས་ལྷང་ལྷང་དབྱངས་ཀྱི་གླུ་གར།།
གཞན་ཡིད་འཕྲོག་པའི་བརྩེ་བའི་འཛུམ་བག།