wildyaks
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Wildyaks
>
ཁེད།
ཁེད།
02/07/2017 09:45
རྐང་ལག་མེད་ནས་གོམ་ལག་ཅན།
འཕུར་རྒྱུ་མེད་ནས་གཤོག་པ་ཅན།
ཅི་ཁེད།
ཉ།
དཀར་དཀར་ཆུ་ལ་བརྒལ།
ནག་ནག་ཆུ་ཡིས་ཁུར།
ཅི་ཁེད
རིལ་མ།
དང་པོ་ཁྱུང་དཀར་མཛོ་བོའི་རྭ་འདྲ་འདྲ།
བར་དུ་དཀྱིལ་འཁོར་གྱི་ཐིག་འདྲ་འདྲ།
ཐ་མ་རྐུན་མའི་རྗེས་འདྲ་འདྲ།
ཅི་ཁེད།
ཟླ་བ།
ནག་འདབས་གླང་བོ་ཁེར་ཉལ།
ཅི་ཁེད།
རྣ་བ
ཆུང་དུས་སྐྲ་དཀར་ཅན།
རྒས་དུས་སྐྲ་ནག་ཅན།
སུ་རེད།
ཕར་ལ་ལྟོགས་ནས་སོང་།
ཚུར་ལ་རྒྱགས་ནས་ཡོང་།
ཅིིི་ཁེད།
ཆུ་ཟོམ།
དང་པོ། སྐེད་པ་ཉག་ལ་རྡོ་རྗེ་རྒྱལ།
གྲོག་མ།
གཉིས་པ། ཕྱི་གོར་གོར་རྔ་འདྲ་འདྲ།
ནང་གྲུ་བཞི་བྲེ་འདྲ་འདྲ།།
དོང་ཙེ།
ང་སོང་ན་ཁོ་ཡང་འགྲོ།
ང་བསྡད་ན་ཁོ་ཡང་བསྡད། ཅི་ཁེད
གྲུབ་མ།
བུ་ཆུང་རེ་ལ་ཁང་ཆུང་རེ།
ཁང་ཆུང་རེ་ལ་དར་ལྕོག་རེ།
སྙེ་མ།
སྟོད་ན་འཇའ་རིས་གུར་ཁང་།
སྨད་ན་གཞལ་ཡས་གུར་ཁང་།
བར་ན་ཆུ་མིག་བདུད་རྩི།
ཅི་ཁེད།
ཐང་ཀ
བུས་ཕ་རྡུང་་ཕས་༼ཧུས་བཏབ༽ཀི་བཏབ།
ཅི་ཁེད
རྔ།
སྐྱེ་དུས་རྔ་མ་ཡོད་ཀྱང་རྐང་བ་མེད།
རྒས་དུས་རྐང་བ་ཡོད་ཀྱང་རྔ་མ་མེད།
ཅི་ཁེད།
སྟོང་གསུམ་ཤོང་བའི་ས་གཞི་ལ།
སྲིད་པ་གསུམ་གྱི་ཀ་བ་བཙུགས།
གྱད་མི་སྟོབས་ཆེན་ཚངས་པའི་གདུང་མར་ལྕེབས། ཅི་ཁེད།
ཐབ་མགོར་སྣོད་བཞག་ནོ་འེ་རེད
དམར་པོ་ཁ་གང་།སྔོན་མོ་འདོམ་གང་།
ཅི་ཁེད།
མེ་དང་དུ་བ།
ཤིང་བཟོའི་ཤིང་གི་ཐོད་པ་ཅན།
མགར་བའི་ལྕགས་ཀྱི་གཤོག་པ་ཅན།
རི་དྭགས་པགས་པའི་རྔ་མ་ཅན། ཅི་ཁེད།
རྟ་སྒ།
མཁར་ནང་དུ་འགྲོ་དུས་དམག་ལྭ་ནག་པོ་གྱོན།མཁར་ནང་དུ་སྡོད་དུས་དམག་ལྭ་དམར་པོ་གྱོན།མཁར་སྒོ་ལ་ཡོང་དུས་དམག་ལྭ་དཀར་པོ་གྱོན།
ཅི་ཁེད།
ཨོང་བ་མེར་བོས་དེ་ཐལ་བར་གྱུར་བ་འུ་རེད
གཡག་གཅིག་ཐག་པ་བརྒྱ་ཡིས་བཏགས།
སྦྲ་ནག
བརྒྱད་ཅུ་ཨ་མྱེས་ལ་མདའ་དགུ་བརྒྱབ།
ད་དུང་མ་ཤི་རྒུ་རུ་རུ།ཅི་ཁེད།
བུམ་པ
Back
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print
Create a free website with Webnode!
Build an impressive website in 5 minutes!
Get started