༄༅།། འཁྲུད་རྒྱག་མཁན་དང་བོང་བུ།

30/09/2012 12:00

 

སྔར་དུག་ལོག་འཁྲུད་མཁན་ཞིག་ལ་བོང་བུ་གཅིག་དང་ཁྱི་ག་ཅིག་ཡོད། བོང་བུས་ཁོའི་གྱོན་ཆས་རྣམས་གཙང་འགྲམ་དུ་ཕར་སྐྱེལ་ཚུར་ལེན་བྱེད་པ་དང་ཁྱིས་མཚན་མོ་ཁང་པ་སྲུང་གི་ཡོད། ཉིན་ཞིག་ཁྱི་ལ་ཟས་གང་ཡང་མ་སྟེར་བས་ཁོ་ཁོང་ཁྲོ་ལངས་ཏེ། དེའི་དགོང་མོ་རྐུན་མ་ཞིག་གིས་ཁང་པ་གཏོར་བའི་སྐབས་ཁྱིས་ སྐད་མ་བརྒྱབས་པར་སྣང་མེད་ལ་བཏང་བ་རེད། འོན་ཀྱང་བོང་བུ་ནི་རང་གི་ལྷག་བསམ་དེ་སྦྱིན་བདག་ལ་བསྟན་འདོད་ཆེན་པོ་ཡོད། དེ་འདྲ་སོང་ཙང་ཁོས་རྐུན་མ་དེ་མཐོང་བ་དང་སྐད་ཤུགས་ཆེན་པོ་བརྒྱབས། བོང་བུའི་སྐད་ཀྱིས་འཁྲུད་རྒྱག་མཁན་དེ་གཉིད་སད་པས། ཡར་ལངས་ཏེ་གང་སར་བལྟས་ཀྱང་ཁང་པའི་ནང་དུ་སུ་གང་ཡང་མཐོང་རྒྱུ་མེད། དེར་བརྟེན་ཁོས་བོང་བུ་སྐད་ངན་ཤོར་ཤོར་བརྡུངས་པ་དང་། ཁྱི་ནི་ཉལ་ནས་གད་མོ་ཤོར་བ་རེད།།