༄༅།། རང་འཐག་བསྐོར་བའི་བོང་བུ།

30/09/2012 12:11

 

བོང་བུ་དང་རྟ་གཉིས་ཀྱིས་མཉམ་གཅིག་ཏུ་ཤིང་རྟ་འཁོར་ལོ་འདྲུད་པའི་གྲོས་བྱས་མོད། འོན་ཀྱང་བོང་བུས་ལས་ཀ་དེ་ལས་ན་མ་འདོད་པར་ནམ་ཡང་སྒོ་ཕྱིར་སོང་སྟེ་ཉི་མ་གཏོང་ཐབས་བྱས། དེ་བས། ཁྱིམ་བདག་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། ཤིང་རྟ་འཁོར་ལོ་རྟ་ལ་འདྲུད་དུ་བཅུག་ཅིང་། བོང་བུ་ཁྱིམ་དུ་བཀག་སྟེ་རང་འཕག་སྟེ་རང་འཐག་སྐོར་དུ་བཅུག

 

ཉིན་ཁ་ཤས་འགོར་བའི་རྗེས་སུ། རྟ་ཡིས་བོང་བུར། ཁྱོད་ང་དང་མཉམ་དུ་སྒོ་ཕྱི་རུ་སོང་ནས་ཤིང་རྟ་འཁོར་ལོ་དྲུད་ན། གཅིག་ནས་མིག་རྒྱ་བསྐྱེད་དུ་ཐུབ་ཅིང་། གཉིས་སུ་མདུན་ལམ་ཆེན་པོ་ཡོད་ཅེས་ཁ་ཏ་བྱས།

 

བོང་བུས་བཤད་རྒྱུར། ང་རང་མིག་སྔའི་འཚོ་བ་འདི་ལ་ཡིད་ཚིམས་ཡོད་པས། སླར་ཡང་མིག་སྔའི་འཚོ་བ་འདི་ལ་ཡིད་ཚིམས་ཡོད་པས། སླར་ཡང་སྒོ་ཕྱི་རུ་སོང་སྟེ་ཀྱག་ཀྱོག་ལམ་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་ལས། རང་ཁྱིམ་དུ་བསྡད་དེ་རང་འཐག་འཐག་ན་བཟང་། དེ་མ་ཟད་ང་ཉིད་གང་ལ་སོང་བའི་ལམ་ཡང་ཁྱོད་ལས་ཉུང་རྒྱུ་མེད། ཉིད་རེར་རང་འཐག་གི་མཐའ་འཁོར་དུ་བསྐོར་བ་བྱེད་ཐུབ་པ་འདི་འདིས། ང་རང་ཉིད་ལ་སྤྲོ་བ་བསམ་གྱིས་མི་ཁྱབ་པ་འཕེལ་བཞིན་ཡོད་ཅེས་ལན་བཏབ།