ཆུང་མ་རིག་རྒོད།

07/12/2015 19:08

སྔོན་ཆད་གྲོང་གསེབ་ཅིག་ན། མི་ཧམ་སེམས་ཅན་ཞིག་ཡོད། ཁོ་ནི་མི་ལ་མགོ་སྐོར་གཏོང་མཁན་ཞིག་ཡིན། ཉིན་ཞིག་མི་ཧམ་སེམས་ཅན་དེ་ཞིང་བ་རྒན་པོ་ཞིག་ཡོད་པ་དེའི་གམ་ལ་སོང་ནས་ན་རེ། ཡ་ཞིང་བདག་རྒད་པོ། ཁྱོད་བདེ་མོ། ང་ཕྱུག་པོ་ཚང་གི་བུ་ཡིན། ངེད་ཚང་ལ་ས་ཞིང་མང་དྲགས་པས། བདག་བྱེད་ཐུབ་གྱི་མི་འདུག ད་ས་ཞིང་ཡག་པོ་ཁ་ཤས་བཙོང་འདོད་ཡོད། གལ་ཏེ་ཁྱེད་ཀྱིས་ཉོ་བསམ་ན། རིན་གོང་ཁེ་བོ་བྱ་ཆོག་ཅེས་བཤད།

 

ཞིང་བ་རྒན་པོ་དེས། དེ་ལྟར་ཡིན་ན་ང་ལ་ཉོ་འདོད་ཡོད། འོན་ཀྱང་། དང་པོར་ངས་ས་ཞིང་དེར་ལྟ་དགོས་ཞེས་བཤད་པ་དང་། ཞིང་བ་རྒན་པོ་དང་མི་ཧམ་སེམས་ཅན་གཉིས་ས་ཞིང་དེར་ལྟ་རུ་ཕྱིན། ཁོང་གཉིས་ཞིང་ཁར་སླེབས་པ་དང་། ཞིང་དཀྱིལ་དུ་དུང་ཆུ་ཞིག་ཡོད་པ་མཐོང་།

 

དེ་ནས་མི་ཧམ་སེམས་ཅན་དེས་ས་ཞིང་དང་དུང་ཆུར་འཛུབ་མོ་བཙུགས་ཏེ། ཞིང་དང་དུང་ཆུ་གཉིས་ཀ་བཙོང་གི་ཡིན་ཞེས་བཤད། ཞིང་བ་རྒོན་པོ་དེས། དུང་ཆུ་བཙོང་གི་ཡིན་ལབ་ན་ག་རེ་ལབ་གི་ཡོད་ཅེས་དྲིས། མི་ཧམ་སེམས་ཅན་དེས། ཞིང་འདི་ལས་དུང་ཆུ་འདི་རྩ་ཆེན་པོ་ཡིན། ཡིན་ཡང་། ད་བཙོང་དགོས་སོང་ཞེས་བཤད་དེ། སེམས་སྐྱོ་ཁུལ་གྱི་རྣམ་འགྱུར་བསྟན། ཞིང་བ་རྒོན་པོ་དེས། དུང་ཆུ་འདི་ལ་དམིགས་བསལ་དགེ་མཚན་ག་རེ་ཡོད་པ་རེད་ཅེས་དྲིས། མི་ཧམ་སེམས་ཅན་དེས། དོན་ངོ་མར། འདི་ནི་དངུལ་དུང་ཞིག་རེད། ངའི་མི་རབས་སྔོན་མ་ཚོས་དངུལ་དུང་འདིའི་ནང་ནས་དངུལ་བླངས་ཏེ། ཕྱུག་པོར་གྱུར་བ་རེད། ངའི་བསོད་ནམས་ཟད་དེ། ད་དངུལ་དུང་ལས་དངུལ་ལེན་ཐུབ་གྱི་མི་འདུག་ཅེས་སྐྱོ་ཁུལ་བྱས། ཞིང་བ་རྒན་པོ་མི་ཧམ་སེམས་ཅན་དེའི་སྐད་ཆར་ཡ་མཚན་ཏེ། མི་ཧམ་སེམས་ཅན་དེའི་གདོང་ལ་མིག་ཅེར་ནས་རེ་ཞིག་ལུས།

 

མི་ཧམ་སེམས་ཅན་དེས་མུ་མཐུད་དུ་ཞིང་བ་རྒན་པོར། ཞིང་བདག་ལགས། ངས་བལྟས་ན་ཁྱེད་ནི་མི་བསོད་ནམས་ཅན་ཞིག་རེད། ཁྱེད་ཀྱིས་དངུལ་དུང་འདི་ལས་དངུལ་ལེན་ཐུབ་པའི་བསོད་ནམས་བསགས་ཡོད་སྲིད་པས།ཚོད་ལྟ་ཞིག་བྱ་རྒྱུ་མིན་ནམ་ཞེས་འདྲི་ཞོར། དུང་ཐག་ཞིང་བ་རྒན་པོ་དེར་སྤྲད། མ་གཞི་ཁོས་སྔོན་མ་ནས་དུང་ཆུའི་ནང་དུ། དངུལ་སྒོར་ཟོ་བ་གང་གྲ་སྒྲིག་བྱས་ཡོད་པ་རེད། ཞིང་བ་རྒན་པོས་དུང་ཐག་དེ་ཡར་འཐེན་དུས།ལྗིད་དྲགས་ནས་ཡར་འཐེན་མ་ཐུབ། དེ་ནས་མི་ཧམ་སེམས་ཅན་དེས། ཨ་ཨ་། དཀོན་མཆོག་གསུམ་པོ་མཁྱེན།ལྟོས་དང། ཁྱོད་ཇི་འདྲའི་རྒན་པོ་བསོད་ནམས་ཅན་ཞིག་རེད་ཅེས་བཤད་ཞོར་དུ།ཁོས་དུང་ཐག་ཡར་འཐེན་རོགས་བྱས།

ཞིང་བ་རྒན་པོ་དེ་དགའ་ཐག་ཆོད་དེ། སེམས་ལ་གལ་སྲིད་དངུལ་དུང་འདི་ཉོ་ཐུབ་ན། ངའི་དཔལ་འབྱོར་གྱི་དཀའ་ངལ་ཡོངས་རྫོགས་སེལ་ཐུབ་ངེས་རེད་བསམ་ནས་དངུལ་དུང་གི་རིན་གོང་ག་ཚོད་རེད་ཅེས་དྲིས། མི་ཧམ་སེམས་ཅན་དེས། རྒན་པོ། མི་གཞན་ལ་བཙོང་ན་རིན་གོང་གསེར་སྒོར་ལྔ་བརྒྱ་ཡིན། ཡིན་ན་ཡང་། ཁྱེད་ལ་གསེར་སྒོར་སུམ་བརྒྱ་བྱ་ཆོག་ཅེས་བཤད། ཞིང་བ་རྒན་པོ་དེས་དེ་ན་ངས་ཞིང་དང་དུང་ཆུ་གཉིས་ཀ་ཉོ་ཆོག་ཅེས་བཤད་པ་དང་། ཁྱིམ་ལ་གསེར་སྒོར་ལེན་དུ་ཕྱིན།

 

 

དེ་ནས་ཞིང་བ་རྒན་པོ་ཁྱིམ་དུ་སླེབས་ཏེ། རང་གི་ཆུང་མ་ལ་ཞིང་དང་དངུལ་དུང་གི་གནས་ཚུལ་ཚང་མ་བཤད།ཁོའི་ཆུང་མ་རིག་རྒོད་ཅིག་ཡིན་པས། སེམས་ལ་གནས་ཚུལ་འདི་ཡ་མཚན་ཞིག་རེད་བསམ་ནས་ཞིང་བ་རྒན་པོར་དངུལ་དུང་དེ་ཉོས་པ་ཡིན་ན། ཉེན་ཁ་ཡོད་པའི་གནས་ལུགས་མང་བོ་བཤད། འོན་ཀྱང་ཞིང་བ་རྒན་པོ་དེའི་སེམས་ལ་དུང་ཆུ་དེ་ཉོ་འདོད་ཀྱི་འདུན་པ་མེ་ལྟར་འབར་ནས་ཁར་མ་ཉན།

 

ཕྱི་ཉིན་ཞིང་བ་རྒན་པོ་དེ་མི་ཧམ་སེམས་དེའི་ཁྱིམ་ལ་གསེར་སྒོར་བསྐྱེལ་བར་འགྲོ་སྐབས། ཆུང་མ་རིག་རྒོད་དེས། ཁྱོད་ཀྱིས་མི་དེར་སྒོར་མོ་སྤྲོད་དུས། ཁོ་ལ་འདི་ལྟར་ལབ་དགོས། ས་ཞིང་དེ་ཁོ་རང་གི་ཡིན་པ་དང་། དུང་ཆུ་དེའི་ནང་དུ་དངུལ་ཡོད་པ། ཞིང་དང་དུང་ཆུ་གཉིས་གསེར་སྒོར་སུམ་བརྒྱ་ལ་བཙོང་བའི་བྱུང་འཛིན་སོགས་འབྲི་དགོས་ཞེས་ཤོད་དགོས་པ་དང་། དེ་ལྟར་མ་བྱུང་ན། གསེར་སྒོར་བརྒྱ་ལས་སྤྲོད་ཀྱི་མིན་ཞེས་ལབ་དགོས་ཚུལ་བསླབ། གལ་སྲིད་ཁོས་བྱུང་འཛིན་ཡི་གེ་མ་བྲིས་པར། གསེར་སྒོར་བརྒྱ་ཐམ་པ་དེ་བདམས་པ་ཡིན་ན། མི་དེས་གཡོ་རྒྱུ་ཞིག་ཁྲབ་བཞིན་ཡོད་པ་ཐག་ཆོད་པས། ཁོ་རྩ་བ་ནས་ཐར་བར་གཏོང་མི་ཉན་ཞེས་མངགས།

 

 

ཞིང་བ་རྒན་པོ་དེ་མི་ཧམ་སེམས་ཅན་དེའི་གམ་ལ་སོང་སྟེ། ངས་གསེར་སྒོར་སུམ་བརྒྱ་གྲ་སྒྲིག་བྱས་ཡོད། འོན་ཀྱང་། ས་ཞིང་འདི་ཁྱེད་ཀྱི་ཡིན་པ་དང་། དུང་ཆུའི་ནང་དུ་དངུལ་ཡོད་པ། ས་ཞིང་དང་དུང་ཆུ་གཉིས་གསེར་སྒོར་སུམ་བརྒྱ་ལ་བཙོང་བའི་བྱུང་འཛིན་ཞིག་འབྲི་རོགས་ཞེས་བཤད། མི་ཧམ་སེམས་ཅན་དེས། བྱུང་འཛིན་གྱིས་ཅི་བྱེད། ཁྱོད་ཀྱིས་བདག་ལ་ཡིད་ཆེས་བྱས་ན་ཆོག་ཅེས་ལན་བཏབ། དེ་ནས་ཞིང་བ་རྒོན་པོ་དེས། བྱུང་འཛིན་མ་བྲིས་བ་ཡིན་ན། གསེར་སྒོར་བརྒྱ་ལས་སྤྲོད་ཀྱི་མིན་ཞེས་བཤད། མི་ཧམ་སེམས་ཅན་དེས་དབུགས་རིང་གཏོང་ཞོར་དུ། ཡ་དེ་ན་གསེར་སྒོར་བརྒྱ་བྱེད་ཆོག་ཅེས་ཁས་བླངས།སྐབས་དེར། ཞིང་བ་རྒན་པ་དེའི་སེམས་ལ། རང་གི་ཆུང་མའི་ཚོད་དཔག་བྱས་པ་འཆུག་མི་འདུག་བསམ་སྟེ། མི་ཧམ་སེམས་ཅན་དེའི་ལག་པར་འཇུས་ནས། གྲོང་དཔོན་གྱི་དྲུང་དུ་ཁྲིད། དེ་ནས་གནས་ཚུལ་གྱི་མགོ་རྔ་ཆ་ཚང་གྲོང་དཔོན་ལ་ཞུས། གྲོང་དཔོན་གྱིས་མི་ཧམ་སེམས་ཅན་དེའི་སྐོར་ལ་ཞིབ་འཇུག་མཐའ་ཆོད་པ་ཞིག་བྱས་མཐར། མི་དེ་ཧམ་སེམས་ཆེ་བ་དང་། གཡོ་རྒྱུ་དང་མགོ་སྐོར་གྱི་ལས་ལ་ཞུགས་ཏེ་འཚོ་བ་སྐྱེལ་མཁན་ཞིག་ཡིན་པའི་དབང་རྟགས་མང་བོ་རྙེད་དེ། དེ་ནས་མི་ཧམ་སེམས་ཅན་དེ་ཡུལ་དེ་ནས་གནས་དབྱུང་བཏང་ངོ། །

 

ཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: ཆུང་མ་རིག་རྒོད།

generic tadalafil vs cialis

AFrauckcica | 19/06/2020

<a href="https://cialisle.com/">cialis treats</a>

འཇིགས་ཁོ

བསོད་ནམས་ | 20/12/2015

བྱིས་སྒྲུང་ཞིག་དགོས་ཀྱི་འདུག་དྲྭ་བདག་ཞུ་རྒྱུ་དེ་ཡིན།

generic tadalafil vs cialis

AFrauckcica | 19/06/2020

<a href="https://cialisle.com/">cialis treats</a>

New comment