ཉི་ཆོས་བཟང་པོས་རྒྱལ་བོར་བཙོག་པ་ཟ་རུ་བཅུག་པ།

30/09/2012 12:31

 

༄༅།། ཉི་ཆོས་བཟང་བོས་ལོ་སར་ཚེས་གཅིག་ཉིན་ཇ་ལ་ཚ་ཇི་ལྟར་བརྒྱབ་པའི་ཚུལ་རྒྱལ་བོས་གསན་པ་དང་། ཉི་ཆོས་བཟང་བོ་རྒྱལ་ཁང་གི་ཐོག་རྩེགས་གསུམ་པའི་ཁང་ཆུང་ཞིག་གི་ནང་དུ། གཅེར་བུར་བཙོན་ལ་བཅུག་ནས་བཞག། དེ་དུས་དཔྱིད་ཟླ་དང་པོའི་ནང་ཡིན་སྟབས། གནམ་གཤིས་ཧ་ཅང་གྲང་ངར་ཆེ་བའི་སྒང་ཡིན་པ་རེད།

 

དགོང་མོ་དེར་ཉི་ཆོས་བཟང་བོའི་ལུས་པོ་གྲངས་ནས་མ་བཟོད་པར་བཙོག་པ་ཤོར་བ་རེད། ཁོས་བཙོག་པ་སྒོར་སྒོར་དེའི་དཀྱིལ་དུ་ཤིང་ཐུར་ཞིག་བཙུགས་ནས་བཞག་པ་དང་། ཕྱི་ཉིད་ཞོགས་པར་བཙོག་པ་འཁྱགས་ལ་ཐེབས་ཡོད་པ་རེད།

 

སྐབས་དེར་ཉི་ཆོས་བཟང་བོས་རྒྱལ་བོ་ཁང་བའི་མདའ་ཡབ་འོག་ཏུ་ཉི་མར་སྲོ་བཞིན་བསྡད་ཡོད་པམཐོང་པ་དང་། སེམས་ལ་རྒྱལ་བོ་ལ་བཙོག་པ་ཟ་རུ་འཇུག་པར་འདོད་དེ་ན་རེ། འཁྱགས་ལ་ཐེབས་པའི་བཙོག་པའི་ཐོག་གི་ཤིང་ཐུར་དེར་འཇུས་དེ།གལ་ལེར་རྒྱལ་པོའི་བང་དུ་མར་གཡུགས་པ་དང་། རང་ཉིད་གབ་བསྡད་པ་རེད།

 

རྒྱལ་པོ་ཡ་མཚན་ཏེ་ན་རེ། དངོས་པོ་འདི་ག་རེ་ཡིན་ནམ། གོང་མ་ལྷས་གནང་བའི་དངོས་སྒྲུབ་མིན་ནམ་ཞེས་ཆིག་ལབ་བརྒྱབ་པ་དང་། དེ་ནས་འཁོར་གཡོག་ཚོ་མདུན་དུ་སྐད་བོས་ཏེ་ན་རེ།དངོས་པོ་འདི་ཅི་ཡིན་ཤེས་མཁན་ཡོད་ན་དངན་པ་ཡག་པོ་སྤྲོད་ངེས་ཡིན་ཞེས་བཤད། ཚང་མས་ཉི་ཆོས་བཟང་བོར་དྲིས་ན་དན་དན་ཤེས་ཀྱི་རེད་ཅེས་ཞུས།

 

དེ་ནས་རྒྱལ་པོས་ཉི་ཆོས་བཟང་བོ་བཙོན་ནས་གློད་དགོས་པའི་བཀའ་བཏངས་པ་དང། ཉི་ཆོས་བཟང་བོ་རང་གི་མདུན་དུ་བོས་ནས་ན་རེ། ཡ་ཉི་ཆོས་བཟང་བོ་ཁྱེད་ཀྱིས་དངོས་པོ་འདི་ཅི་ཡིན་ཤེས་ཀྱི་འདུག་གམ་ཞེས་དྲིས། ཉི་ཆོས་བཟང་བོས་ཧ་ལས་མདོག་གིས་ཁ་ནས། ཨོ་་་་ཨོ་་་གནམ་སྐྱག་དཀར་པོ་ཤིང་གི་ཡུ་བ་ཅན། རྒྱལ་པོའི་བང་དུ་ཟག་པ་སྐུ་བསོད་ཆེ་ཞེས་བཤད་པ་དང་།

 

ཡང་ཉི་ཆོས་བཟང་བོ་ན་རེ། རྒྱལ་པོ་རིན་པོ་ཆེ། དངོས་པོ་འདི་ནི་གོང་མ་ལྷས་གནང་བའི་དངོས་སྒྲུབ་རེད། སྐུ་ཉིད་ཀྱིས་གཙང་བཞེས་གནང་རོགས། གལ་ཏེ་སྐུ་ཉིད་ཀྱིས་གཙང་བཞེས་གནང་བ་ཡིན་ན།རྒྱལ་སྲིད་མངའ་ཐང་དང་ཚེ་བསོད་དབང་ཐང་སོགས་སྔར་ལས་དར་བར་འགྱུར་རོ་ཞེས་བཤད་ཚིག་སྔ་མ་བུད་གོང་ནས། རྒྱལ་པོས་བཙོག་པ་འཁྱགས་པ་དེར་སོ་བཏབ་སྟེ་ཧམ་སེམས་ཆེན་པོའི་ངང་ནས་ཟ་འགོ་བརྩམས་པ་རེད།