དམིགས་འདུན།

25/09/2012 09:29

༄༅།། གཡག་རྒོད་ཀྱི་དམིགས་འདུན་གཙོ་བོ་དེ་གངས་ལྗོངས་བྱིས་པའི་རིག་གནས་ཀྱི་ཐོན་ཁུངས་དང་མ་ལག་གི་གྲངས་ཀ་ཇེ་མང་ལ་འགྲོ་བ་དང་།  བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་བྱིས་པ་རྣམས་གནའ་དེང་བྱིས་པའི་རིག་གནས་ལ་འཇུག་བདེ་ཕྱིར།  བརྒྱུད་ལམ་སྣ་ཚོགས་ནས་མཐུན་རྐྱེན་གང་ཐུབ་སྦྱོར་རྒྱུ་དེ་ཡིན།  དམིགས་འདུན་འདི་ལེགས་པར་འགྲུབ་མིན་ནི་ཁྱེད་སྤུན་ཟླ་རྣམས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ལ་རེག་ལས་སོ།

༡       གཡག་རྒོད་བྱིས་པའི་དཔེ་ཚོགས་རིན་མེད་ཐོག་བོད་ནང་དུ་དཔར་སྐྲུན་དང་འགྲིམ་སྤེལ་བྱེད་འདོད་མཁན་དང་གཅིག།

༢      བྱིས་པའི་སློབ་གསོ་དང་འབྲེལ་བའི་བྱ་བཞག་ཐོག་མཉམ་ལས་ཀྱི་ལས་ཀ་བྱེད་འདོད་མཁན་དང་གཉིས།

༣    གཡག་རྒོད་བྱིས་པའི་ལས་འཆར་ལ་ཐེབས་རྩ་འཛུག་མཁན་དང་ཐེབས་རྩ་ཞུ་ཡུལ་གྱི་ཚོགས་སྡེ་ངོ་སྤྲོད་བྱེད་འདོད་མཁན་རྣམས་ཀྱིས་ང་ཚོར་འབྲེལ་བ་གནང་རོགས་ཞུ།