བློ་རིག་ལྡན་པའི་སྤལ་བ།

07/07/2011 09:18

༄༅ །།ཉིན་ཞིག་ལ། སྟག་ཅིག་ཁ་ཟས་འཚོལ་བར་འགྲོ་བཞིན་ཡོད་པ། ཆུ་འགྲམ་ན་སྤལ་བ་ཞིག་ཡོད་པ་དེས་མཐོང་ནས། རང་ཉིད་ཟ་བར་དོགས་ནས་འཇིགས་སྐྲག་ཆེམ་པོ་སྐྱེས། སྤལ་བ་འབྲོ་འདོད་ཀྱང་འབྲོ་ཁོམ་མ་བྱུང་བར་སྟག་དེ་ཁོའི་ཉེ་སར་ཐོན། སྤལ་བས་སྟག་ལ། ཨ་རོགས་སྟག་ལགས། ཁྱོད་གང་ལ་འགྲོ་རྒྱུ་ཡིན་ཞེས་དྲིས། སྟག་ན་རེ། ལུང་བའི་སྟོད་ཀྱི་ནགས་ཚལ་དུ་ཟས་འཚོལ་བར་འགྲོ་རྒྱུ་ཡིན། ཉི་མ་གསུམ་བཞིའི་རིང་ལ་ཤ་མ་ཟས་པས། ཕོ་བ་ལྟོགས་ནས་འཆི་ལ་འདུག ངས་ཁྱོད་བསད་རྗེས་ཁྱོད་ཀྱི་ཤ་ཟས་ཆོག་ཀྱང་ཁྱོད་འདྲ་བ་ཤ་ཟ་རྒྱུ་ཅི་ཡང་མི་འདུག   ཡིན་ན་ཡང་། ངའི་ཕོ་པ་ཤིན་ཏུ་ལྟོགས་པས་ཁྱོད་ཟ་

དགོས་བྱུང་ཞེས་ཟེར། སྤལ་བས་སྐད་ཆེན་པོས། བདག་ནི་སྤལ་བའི་རྒྱལ་པོ་ཡིན་པ་ཁྱོད་ཀྱིས་མི་ཤེས་སམ། བདག་ནི་ལྡིང་རྩལ་མཁས་པས་རྒྱ་མཚོའི་མཐའ་ལའང་སྡིང་ཐུབ། དེར་མ་ཟད། ད་དུང་ཁྱོད་ལས་ལྷག་པའི་ནུས་པ་མང་པོ་ང་ལ་ཡོད། ཁྱོད་ཡིད་མི་ཆེས་ན་ཆུ་ཆེན་པོ་འདི་ལ་སུ་ཞིག་མཆོང་ཐུབ་པ་

འགྲན་ནོ་ཞེས་ཟེར།དེ་ནས་སྟག་མཆོང་གྲབས་བྱེད་སྐབས། སྤལ་བས་མྱུར་དུ་སྟག་གི་རྔ་མ་ལ་སོ་བཏབ་ནས་བཟུང་། སྟག་ཆུའི་ཕར་ཁར་མཆོངས་ཏེ་ང་རྒྱལ་དང་ལྡན་པའི་ངང་ཁ་ཕྱིར་འཁོར་ནས་སྤལ་བ་ལ་སྟ་སྐབས། སྤལ་བ་མཐོང་རྒྱུ་མ་བྱུང་། ཁྱོད་ཀྱིས་ཅི་ལ་ལྟ་བ་ཡིན་ཞེས་སྤལ་བས་འདྲི་སྐབས། སྤལ་བ་རང་གི་སྔོན་དུ་ཐོན་ཡོད་པ་སྟག་གིས་ད་བཟོད་མཐོང་བས། སྟག་ཧ་ལས་པར་གྱུར།

སྤལ་བས། ད་ཐེངས་ཁྱོད་ཕམ་སོང་། བདག་གིས་རྒྱལ་ཁ་ལོན་ཐལ། ད་ཡང་ངེད་གཉིས་ཀྱིས་མཆིལ་མ་འཕེན་པར་འགྲན། སུ་ཞིག་གི་ས་མཆིལ་མ་རྒྱང་རིང་དུ་འཕེན་ཐུབ་ན་དེ་རྒྱལ་བ་ཡིན་ཞེས་ཟེར། སྟག་གིས་ཅི་ཡང་ཟས་མེད་པས་མཆིལ་མ་འཕེན་རྒྱུ་མ་བྱུང་། སྤལ་བས་མཆིལ་མ་འཕངས་པ་དང་། སྟག་གི

་སྤལ་བའི་མཆིལ་མའི་ནང་དུ་སྟག་སྤུ་ཁ་ཤས་འདུག་པ་མཐོང་སྟེ་ཅིའི་ཕྱིར་ཁྱོད་ཀྱི་མཆིལ་མའི་ནང་དུ་སྟག་གི་སྤུ་འདུག་ཅེས་དྲིས། སྦལ་བས་ཁ་སང་ངས་སྟག་ཅིག་བསད་དེ་ཟོས་པ་ཡིན་ཅེས་བཤད་པ་ན། སྟག་ཤིན་ཏུ་སྐྲག་སྟེ་བྲོས་སོང་།

སྟག་འབྲོ་བའི་ལམ་བར་ནས་ཝ་མོ་ཞིག་ལ་ཐུག་པ་དང་། ཝ་མོས། ཁྱོད་ཅིའི་ཕྱིར་བ་ཡིན་ཞེས་དྲིས། སྟག་གིས་དངངས་འཚབ་དང་བཅས་ཏེ་ན་རེ། ང་སྤལ་བའི་རྒྱལ་པོ་དང་ཐུག་སོང་། དེ་ལ་ནུས་རྩལ་མང་པོ་ཡོད་པས་སྟག་གསོད་ཐུབ་ལ། མཆོང་ན་རྩལ་ཡང་ཧ་ཅང་ཆེ་ཟེར།ཝ་མོས་ཧབ་ཆ་བརྒྱབ་ནས། ཁྱོད་ཀྱིས་ཅི་བཤད་པ་རེད། སྤལ་བ་ཁ་ཆེ་ཞིག་གིས་སྟག་ཅིག་ཇི་ལྟར་གསོད།སྤལ་བ་དེ་ང་ལ་སྟོན་དང་ངས་གསོད་ཆོག་ཅེས་བཤད།སྟག་གི་ལགས་སོ། ཡིན་ན་ཡང་ངེད་གཉིས་སྤལ་བའི་རྒྱལ་པོ་དང་ཐུག་དུས། ཁྱོད་ཀྱིས་ང་བསྐྱུར་ཏེ་འབྲོ་མི་ཆོག་ཅེས་ཟེར་བ་ན། ཝ་མོས། ཁྱོད་ང་ལ་མི་རློམ་ན། ངེད་གཉིས་ཀྱི་རྔ་མར་མདུད་པ་བརྒྱབ་ཆོག་ཅེས་ཟེར། 

དེ་ནས་ཁོ་གཉིས་ཀྱི་རྔ་མ་དམ་པོར་མདུད་ནས་སྤལ་བ་ཡོད་སར་སོང་། སྟག་དང་ཝ་མོ་གཉིས་སྤལ་བའི་ཉེ་སར་ཐོན་ཚེ། སྤལ་བས་སྐད་ཆེན་པོས། ཨ་རོགས་ཝ་མོ། ཉིན་འགའ་ལ་ཁྱོད་ཀྱིས་ང་སྤལ་བའི་རྒྱལ་བོར་ཁྲལ་མ་འཇལ་བ་ཅི་ཡིན། དེ་རིང་ཁྱོད་ཀྱིས་ང་འ་ཅི་ཞིག་ཁྱེར་ཡོང་ཡོད། ཁྱོད་ཀྱིས་གཞུག་ལ་

བཏགས་པའི་སྟག་དེ་ང་ལ་འབུལ་བ་ཡིན་ནམ་ཞེས་དྲིས་པ་སྟག་གིས་གོ་རྗེས། ཝ་མོ་འདིས་ང་ཁྲིད་ནས་སྤལ་བའི་རྒྱལ་བོ་ལ་སྤྲོད་རྩིས་རེད་བསམས་ནས་སྐྲག་སྟེ་བྲོས། ཝ་མོའི་རྔ་མ་སྟག་གི་རྔ་མར་མདུད་ཡོད་པས་སྟག་གིས་ཝ་མོ་དྲུད་དྲུད་ནས་མཐར་བསད་དོ།