མིའི་བཟང་ངན་བརྟག་པ།

06/08/2015 07:18

མིའི་བཟང་ངན་བརྟག་པ།
ཡུལ་ཞིག་ན་ཕ་བུ་གཉིས་ཡོད། ཕ་་རྒན་ཤི་ཁར། རང་གི་བུ་བཀྲ་ཤིས་ལ། གཅེས་ཕྲུག ད་ང་འཆི་རན་པས། མ་འོངས་པར་ཁྱོད་མི་ངན་པ། བློ་རྒྱ་ཆུང་བ་རྣམས་ལ་འགྲོག་མི་ཉན། མི་བཟང་བོ་བློ་རྒྱ་ཅན་དང་འགྲོག་ཅིག་ཅེས་བསླབ་བྱ་བྱས།

ཨ་ཕ་འདས་རྗེས། བཀྲ་ཤིས་ཀྱིས་ཨ་ཕའི་བསླབ་བྱ་དེ་བདེན་མིན་བརྟག་པའི་ཆེད་དུ་ཡུལ་དེར་རྒྱལ་པོ་ངན་པ་ཞིག་ཡོད་པ་དེར་གྲོགས་བསྒྲུག་པ་དང་། བཟའ་ཟླ་ཡང་བུ་མོ་མ་རབས་སྐད་གྲགས་ཡོད་པ་ཞིག་བཙལ།

ཉིན་ཞིག་རྒྱལ་པོ་ངན་པ་དེ་དང་བཀྲ་ཤིས་གཉིས་ནགས་ཚལ་དུ་རི་དྭགས་རྔོན་དུ་སོང་ཚེ། སྟག་ཅིག་དང་ཐུག་ནས་རྒྱལ་པོ་ངན་པ་དེ་གསོད་རྩིས་བྱེད་སྐབས། བཀྲ་ཤིས་ཀྱིས་རལ་གྲིས་སྟག་དེ་བཀག་ནས་རྒྱལ་ངན་པ་དེའི་སྲོག་བསྐྱབས།

དེ་ནས་ཡང་ཉིན་ཞིག་བཀྲ་ཤིས་ཀྱིས་རྒྱལ་པོ་དེའི་བཟང་ངན་བརྟག་ཕྱིར། རྒྱལ་བོ་ལ་བྱ་ཞིག་ཡོད་པ་བརྐུས་ནས་གྲོགས་པོ་ཞིག་གི་ཁྱིམ་དུ་སྦས་བ་དང་། རང་གི་བཟའ་ཟླ་དེའི་བཟང་ངན་བརྟག་ཕྱིར། ནགས་གསེབ་ནས་རྨ་བྱའི་རོ་ཞིག་རྙེད་པ་བཟུང་སྟེ་རང་ཁྱིམ་ལ་ཁྱེར་ཡོང་ནས།རང་གི་བཟའ་ཟླར་འདི་ལྟར་བཤད་དོ། སྙིང་སྡུག་མ། ངས་རྒྱལ་བོ་སྟག་གི་ཁ་ནས་བསྐྱབས་ཀྱང་། རྒྱལ་ངན་དེས་ང་ལ་དྲིན་ལན་མ་མཇལ་བས། རྒྱལ་བོའི་རྨ་བྱ་བསད་ནས་ཡོང་བ་ཡིན་ཞེས་རྨ་བྱའི་རོ་དེ་མོ་ལ་བསྟན།

རྒྱལ་པོས་རྨ་བྱ་བོར་རྗེས། རྨ་བྱ་འཚོལ་མི་གང་སར་མངག་སྟེ། ངའི་རྨ་བྱ་སུ་ཞིག་གིས་རྙེད་ན། གསེར་དངུལ་གྱི་བྱ་དགའ་སྟེར་ངེས་ཡིན་ཞེས་བསྒྲགས་སོ། །

བཀྲ་ཤིས་ཀྱི་ཆུང་མ་ངན་པ་དེས་རྒྱལ་བོའི་བསྒྲགས་གཏམ་དེ་ཐོས་རྗེས། བྱ་དགའ་ལེན་པར་རྔམ་ནས།རང་གི་བཟའ་ཟླས་རྨ་བྱ་བསད་པའི་གནས་ཚུལ་རྒྱལ་བོ་ངན་པ་དེ་ལ་བཤད། རྒྱལ་པོས་གཏམ་དེེར་དོག་པ་སྐྱེས་པ་དང་། གཡོག་འཁོར་ཞིག་བཀྲ་ཤིས་འབོད་དུ་མངགས།

རྒྱལ་པོས། ཡ་བཀྲ་ཤིས། ངའི་རྨ་བྱ་ཁྱོད་ཀྱིས་བསད་པ་བདེན་པ་ཡིན་ནམ་ཞེས་དྲིས་པའི་ལན་དུ། བཀྲ་ཤིས་ཀྱིས། རྒྱལ་པོ་ལགས། ཡིན། ངས་རྨ་བྱ་དེ་བསད་པ་ཡིན། ཞེས་ཁས་ལེན་བྱས། རྒྱལ་པོ་ན་རེ། ངའི་རྨ་བྱ་གསོད་དགོས་དོན་ཅི་ཡིན་ཞེས་དྲིས་པ་ན། བཀྲ་ཤིས་ཀྱིས། རྒྱལ་བོ་ལགས། ངས་ཁྱོད་སྟག་གི་ཁ་ནས་བསྐྱབས་ཀྱང་། ཁྱོད་ཀྱིས་ང་ལ་དྲིན་ལན་མ་མཇལ་བས། ངས་རྨ་བྱ་དེ་བསད་པ་ཡིན་ཞེས་ལན་བཏབས།

རྒྱལ་པོ་ངན་པ་དེ་ན་རེ། གླེན་པ་ཁྱོད། འབངས་ཀྱིས་རྒྱལ་པོར་ཞབས་ཞུ་བྱེད་པ་ནི་འབངས་ཀྱི་འོས་འགན་རེད། འབངས་ངན་འདི་སོད་ཅིག་ཅེས་བཀའ་ཕབ་པ་ན། བཀྲ་ཤིས་ཀྱིས། ཅུང་ཙམ་སྒུག་དང་ངས་རྨ་བྱ་བསད་མེད། ངས་འདི་བྱེད་དོན་ངའི་ཆུང་མ་དེ་རང་ལ་བློ་དཀར་མིན་བརྟག་ཕྱིར་ཡིན་ཞེས་ཞུས་ཏེ། རྨ་བྱ་དེ་ཕྱིར་རྒྱལ་བོ་ངན་པ་དེར་སྤྲད། དེ་ནས་རྒྱལ་བོ་དགའ་སྟེ། བཀྲ་ཤིས་ལ་ཉེས་པ་མ་བཏང་བ་རེད།

དེ་ནས་བཟུང་བཀྲ་ཤིས་ཀྱིས་རྒྱལ་པོ་ངན་པ་དེ་དང་རང་གི་ཆུང་མ་ངན་པ་དེ་གཉིས་ཀ་མི་ངན་པ་ཡིན་པ་ཧ་གོ་བ་དང་། ཕ་རྒན་གྱི་བསླབ་བྱ་ལ་ཡིད་ཆེས་རྙེད་དེ། གཉིས་ཀ་དོར་ནས་གནས་གཞན་ཞིག་ཏུ་གནས་སྤོར་བ་དང་། གང་བྱུང་དུ་གྲོགས་མ་བསྒྲིག་པར་གྲོགས་བཟང་པོ་ཁོ་ནར་འགྲོག་ནས་བསྡད་དོ།། 

 
  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: མིའི་བཟང་ངན་བརྟག་པ།

jump generic cialis cost

AFrauckcica | 21/06/2020

<a href="https://cialisle.com/">cialis order online</a>

New comment