རྒྱལ་པོ་དབང་ཕྱུག་དོན་ལྡན་དང་བློན་པོ་རིག་ལྡན།

10/02/2014 22:01
 

 

ལོ་བཅུ་ལོན་པའི་བུ་བསྟན་འཛིན་འཕྲིན་ལས་ཀྱིས་བརྩམས།

 
༄༅།། སྔོན་ལུང་པ་ཞིག་ལ་རྒྱལ་པོ་དབང་ཕྱུག་དོན་ལྡན་ཟེར་བ་ཞིག་ལ། བློན་པོ་རིག་ལྡན་ཟེར་བ་ཞིག་ཡོད། ཉིན་ཞིག་རྒྱལ་པོ་ཕྱི་ལ་རི་མོ་འབྲི་བར་ཕྱིན། རྒྱལ་པོས་རི་མོ་བྲིས་ཚར་རྗེས་དེ་ལ་ཐག་རིང་པོ་ནས་ལྟ་དགོས་བསམ་ནསཁ་ཕྱིར་འཁོར་ནས་གོམ་པ་རྒྱག་གིན་རྒྱག་གིན་འགྲོ་དུས། གློ་བུར་དུ་བློན་པོ་རིག་ལྡན་གྱིས་ཁོང་གི་རི་མོ་ལ་རྡོ་ཡིས་གཞུས་པ་མཐོང་། རྒྱལ་པོ་ཤིན་ཏུ་ཐུགས་ཁྲོས་ནས་ཁྱོད་ཀྱིས་ག་རེ་བྱས་ནས་ངའི་རི་མོ་ལ་རྡོ་ཡིས་གཞུས་པ་ཡིན་ཞེས་འགྲོ་མཚམས་བཞག་ནས་སྐད་ཆ་དྲིས། བློན་པོ་རིག་ལྡན་གྱིས། རྒྱལ་པོ་ལགས། ཁྱེད་ཀྱི་རྒྱབ་ལ་གཟིགས་དང་ཞེས་ཞུས། རྒྱལ་པོས་རང་གི་རྒྱབ་ལ་ལྟ་དུས་མུ་མཐུད་དུ་རྒྱབ་ལ་གོམ་པ་གཅིག་སྤོས་པ་ཡིན་ན་རང་ཉིད་གཡང་སར་ལྷུང་ནས་ཤི་ཐག་ཆོད་ཡིན་པ་གཟིགས། དེ་ནས་བློན་པོ་རིག་ལྡན་ལ་གསེར་ཀེ་ལོ་གཅིག་གནང་།


དེ་ནས་རྒྱལ་པོ་བོད་ལ་འགྲོ་འདོད་སྐྱེས་ཏེ་བློན་པོ་རྣམས་ཁྲིད་ནས་ལམ་ལ་ཆས། ལམ་བར་དུ་རྒྱལ་པོས་རྫིང་བུ་ཞིག་གི་ནང་དུ་རྡོ་རྗེ་ཕ་ལམ་ཞིག་ཡོད་པ་གཟིགས་པས། མི་ཁ་ཤས་དེ་ལེན་པར་མངགས་ཀྱང་། ཆུའི་གཏིང་ཚད་ཟབ་དྲགས་ཏེ་མི་དེ་ཚོ་ཤི་བ་རེད། བློན་པོ་རིག་ལྡན་གྱིས་འགྱིག་གི་ལྟོ་ཕད་ཅིག་གི་ནང་དུ་རླུང་བཀང་སྟེ་ཆུའི་ནང་ཕྱིན་པས། རྡོ་རྗེ་ཕ་ལམ་དེ་ལེན་ཐུབ་པ་བྱུང་།

དེ་ནས་ཁོང་ཚོ་ཤིང་ནགས་ཞིག་བརྒྱུད་ནས་འགྲོ་དུས་སེང་གེ་བཀྲེས་ལྟོགས་ཀྱིས་མནར་བ་ཞིག་མཐོང་བས་རྒྱལ་པོ་ཧ་ཅང་སྐྲག་སྟེ། མི་སུས་དེ་ལམ་ཁ་ནས་ཕར་བསྐྲོད་ཐུབ་ན་གསེར་ཀེ་ལོ་གཉིས་གནང་རྒྱུ་ཡིན་ཞེས་གསུངས། བློན་པོ་རིག་ལྡན་གྱིས་ཤ་ཞིག་འཁྱེར་ནས་ཤིང་ནགས་སྟུག་པོའི་ནང་གི་ལམ་ཁ་ཞིག་བརྒྱུད་དེ་ཤ་ཕར་གཡུགས་པས་སེང་གེ་དེའི་་ཕྱོགས་སུ་སོང་བས་ན། ཁོང་ཚོར་སྐྱོན་གང་ཡང་མེད་པར་འགྲོ་ཐུབ་པ་རེད།

དེ་ནས་ཁོང་ཚོ་ཡང་རི་ཞིག་ལ་འཛེགས་སྐབས་ཆར་པ་བབས་པས་བྲག་ཕུག་ནང་འཛུལ། རྒྱལ་པོ་གྲོད་ཁོག་ལྟོགས་ཏེ། ཁ་ཟས་ཚ་པོ་འཁྱེར་ཤོག་གསུངས་དུས་བྲག་ཕུག་ནང་ཧ་ཅང་གྲང་བས། སུས་ཀྱང་འཁྱེར་ཡོང་ཐུབ་མེད། བློན་པོ་རིག་ལྡན་གྱིས་རྡོ་སོལ་འཁྱེར་ཡོང་ནས། ཁ་ཟས་ཚ་པོ་བཟོས་ཏེ་རྒྱལ་པོར་ཕུལ།

ཁོང་ཚོ་བོད་ལ་སླེབས་མ་ཐག་སྔོན་མཐོང་མ་མྱོང་བའི་སེམས་ཅན་གཡག་དང་འབྲོང་སོགས་དང། ཁྲུང་ཁྲུང་སྐེ་ནག་གིས་ཞབས་བྲོ་འཁྲབ་པ་མཐོང་བས། རྒྱལ་པོའི་སེམས་ནང་བོད་ཟེར་བ་དེ་ས་ཆ་ཡ་མཚན་ཅན་ཞིག་རེད་དྲན། ད་དུང་རང་ཡུལ་གྱི་ཆུ་དྭངས་གཙང་གི་འབྱུང་ཁུངས་ཀྱང་བོད་ཀྱི་གངས་རི་ཡིན་པ་ཤེས།

གཟིགས་སྐོར་བྱེད་སྐབས་རྒྱལ་པོ་ཧ་ཅང་གྲང་པས་བློན་པོ་རིག་ལྡན་གྱིས་གྱོན་པ་ནག་པོ་ཁ་ན་ཕུལ་བས། རྒྱལ་པོར་དྲོད་ཁུག་པ་རེད། རྒྱལ་པོ་འཁོར་གཡོག་བཅས་ཀྱིས་བོད་ཀྱི་ཡུམ་བུ་བླ་སྒང་དང་ཕོ་བྲང་པོ་ཏ་ལ་གཟིགས་སྐབས་གནའ་བོའི་བོད་རིགས་མི་མང་གི་བློ་གྲོས་དང་འཇོན་ཐང་ལ་ཧང་སངས་བ་དང་། ཁོང་ཚོ་གངས་རིན་པོ་ཆེ་སོགས་སུ་བསྐྱོད་ནས་ཧ་ཅང་སྐྱིད་པོ་བྱུང་སྟེ་མཐར་རང་གི་རྒྱལ་ཁབ་ལ་ཕྱིར་ལོག་པ་མ་ཟད།  རྒྱལ་པོས་རང་གི་སྲས་མོའང་བློན་པོ་རིག་ལྡན་གྱི་མནའ་མར་གནངས་བ་རེད༎

Topic: རྒྱལ་པོ་དབང་ཕྱུག་དོན་ལྡན་དང་བློན་པོ་རིག་ལྡན།

No comments found.

New comment