ཐབས་ཀྱིས་ཁྱིམ་ཚང་བསྐྱངས་།

04/10/2015 12:37


སྔོན་གྲོང་གསེབ་ཞིག་ཏུ། ཁྱིམ་ཚང་ཞིག་ཡོད། ཁྱིམ་དེ་ན་སྐྱེས་པ་ཞིག་དང་བྱིས་པ་ལོ་གཅིག་སོན་ིཔ་ཞིག་ཡོད། བྱིས་པ་དེ་བཙས་ནས་ཉིན་འགའ་ལས་མ་སོང་བར་བྱིས་པའི་ཨ་མ་དེ་ཚེ་ལས་འདས།

དེ་ནས་སྐྱེས་པ་དེས་བུད་མེད་གཞན་ཞིག་ཆུང་མར་བླངས། བུད་མེད་དེ་ལ་བུ་གཉིས་བཙས། བུད་མེད་དེས་བུ་གསུམ་པོ་འདྲ་མཉམ་དུ་བསྐྱངས་ཏེ་གསོ་སྐྱོང་ཡག་པོ་བྱས་པ་དང་། རྒྱུན་ཏུ་བྱིས་པ་ཚོར་མཐུན་སྒྲིལ་ཡག་པོ་བྱེད་དགོས་པའི་གནས་ལུགས་མང་པོ་གསུངས།

དེ་ནས་བྱིས་པ་གསུམ་པོ་ཡར་ལག་ཆགས་ཏེ། ལས་ལ་བརྩོན་ཞིང་སྤྱོད་པ་བཟང་པོ་ཅན་གྱི་སྐྱེ་བོ་དར་མ་ཤ་སྟག་ཏུ་གྱུར་བ་དང་། ཁྱིམ་ཚང་དེ་ཡང་དྲོད་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡིན་པས་དུས་སུ་སྟབས་མ་ལེགས་པར། བྱིས་པ་རྣམས་ཀྱི་ཨ་ཕ་གློ་བུར་དུ་ནད་ཀྱིས་མནར་ཏེ་ཚེ་ལས་འདས་བ་དང་། དེ་ནས་ཁྱིམ་ཚང་གི་འགན་ཚང་མ་བུ་ཆེ་བས་ཁུར་ཏེ། བཟའ་མི་བཞི་བོའི་འཚོ་བ་ཉི་མ་རེ་རེ་བཞིན་མུ་མཐུད་དུ་ཇེ་བཟང་ནས་ཇེ་ལེགས་སུ་ཕྱིན།

སྐབས་དེར་ཁྱིམ་མཚེས་རྣམས་ཕྲག་དོག་སྐྱེས་ཏེ། སྤུན་ཆུང་བ་གཉིས་ཀྱི་རྣ་བས་ཐོས་ས་ཞིག་ཏུ། ཕན་ཚུན་ལ་ཁ་བརྡ་བྱེད་ཁུལ་གྱིས་བུ་ཆེ་བ་དེ་མ་འོངས་པར་ཁྱིམ་མཚེས་ཚང་གི་ཁྱིམ་བདག་ཏུ་འགྱུར་ངེས་རེད་ཅེས། སྤུན་ཆུང་བ་གཉིས་ལ་སྙིང་རྗེ་ཁུལ་བྱས། སྤུན་ཆུང་བ་གཉིས་ཀྱིས་སྐད་ཆ་དེ་ཐོས་ནས་བློ་མ་བདེ་བར་། ཨ་མའི་མདུན་དུ་སོང་སྟེ། ཨ་མ་ལ། སྤུན་ཆེ་བ་ཁྱོད་ཀྱི་བུ་ངོ་མ་མིན་ནའང་། ཁོ་བོར་འདི་འདྲའི་བརྩེ་བ་སྤྲོད་དོན་ཅི་ཡིན་ཞེས་དྲིས། ཨ་མ་ན་རེ།ཁྱེད་ཚོའི་ཨ་མ་མི་གཅིག་ནའང་། ཨ་ཕ་གཅིག་པ་རེད། ངས་ཁྱེད་ཚོ་འདྲ་མཉམ་དུ་མ་བསྐྱངས་ན་ཇི་ལྟར་འགྲིག་ཅེས་ལན་བཏབ། དེ་ནས་སྤུན་ཆུང་བ་གཉིས་ཀྱིས། ཁྱིམ་མཚེས་ཚོས་མ་འོངས་པར་ཁྱིམ་ཚང་འདིའི་བདག་པོ་ཕུ་བོ་འགྱུར་ངེས་རེད་ཅེས་གླེང་གིན་འདུག དེ་བས་ང་ཚོ་གསུམ་པོ་ལྷན་ཏུ་གནས་ཐབས་རྩ་བ་ནས་མི་འདུག་ཅེས་བཤད།

དེ་ནས་བུད་མེད་དེའི་སེམས་ལ་ཐབས་ཤེས་ཤིག་ངེས་པར་བྱ་དགོས་བསམ་སྟེ། སྤུན་ཆུང་བ་གཉིས་ལ། ཁྱེད་གཉིས་སེམས་བདེ་མོ་བྱོས། ངས་ཁྱེད་གཉིས་ལ་ཁྱིམ་ཚང་འདིའི་རྒྱུ་ནོར་ལོངས་སྤྱོད་ཚང་མ་དབང་ཐུབ་པ་ཞིག་བྱ་ངེས་ཡིན་ཞེས་བཤད།

ནུབ་མོ་དེར། སྤུན་གསུམ་པོ་གཉིད་ལ་ཡུར་ནས་ཡོད་དུས། ཨ་མ་ཉལ་སའི་སྟེང་བཙོག་པུར་ལངས་ཏེ། སྦྲུལ་སླེབས་བྱུང་། སྦྲུལ་སླེབས་བྱུང་ཅེས་སྐད་ཅོར་བརྒྱབ། སྐབས་དེར། བུ་ཆེ་བ་སྔོན་ལ་ཨ་མའི་ཉལ་ཁང་དུ་སླེབས་ཏེ། ཨ་མ། ཨ་མ། སྦྲུལ་གང་དུ་འདུག སྦྲུལ་གང་དུ་འདུག་ཅེས་དྲིས། ཨ་མས་མཛུབ་མོ་བུའི་ཁ་ལ་གཏད་དེ།སྦྲུལ་ཁྱོད་ཀྱི་ཁ་ནང་ལ་འཛུལ་འགྲོ་གིན་འདུག་ཅེས་སྐད་ཅོར་བརྒྱབ་པ་དང་། དེ་ནས་ཡང་། ད་ཁྱོན་ནས་འགྲིག་མ་སོང་། སྦྲུལ་ཁྱོད་ཀྱི་ཁ་ནང་དུ་འཛུལ་ཚར་སོང་ཞེས་ངུ་འབོད་བྱེད་ཁུལ་བྱས།

ནུབ་མོ་དེ་ནས་བཟུང་། བུ་ཆེ་བ་སེམས་ཁྲལ་ནང་དུ་ལྷུང་སྟེ། ཉིན་མོར་ཟས་ཟ་མི་འདོད་པ་དང་། མཚན་མོར་གཉིད་མི་ཁུག་པའི་གནས་སུ་གྱུར། དེ་ནས་ཉིན་རེ་དང་ཞག་རེ་སོང་དུས། ཁོའི་ལུས་ཀྱི་ཤ་སྐམ། སེམས་ངལ་གྱིས་མནར་ཏེ། ཉལ་སའི་ནང་ནས་ཡར་ལངས་མི་ཐུབ་པའི་གནས་སུ་གྱུར།

དེ་ནས་ཕྲག་དོག་ཅན་གྱི་ཁྱིམ་མཚེས་དག་གིས་སྐབས་དེ་དང་བསྟུན་ནས། ཁྱིམ་ཚང་དེའི་ས་ཞིང་ནང་རྡོ་བརྩིགས་ཏེ་ར་བ་རྒྱ་བསྐྱེད་བཏང་ནས་བཙན་འཛུལ་བྱས། སྤུན་ཆུང་བ་གཉིས་ལ་སེམས་ཁྲལ་ལངས་ཏེ། ཨ་མ་ལ། གལ་སྲིད་ཕུ་བོ་ཉལ་སར་ལྷུང་མེད་ན་ང་ཚོས་བརྙས་བཅོས་འདི་ཁུར་དགོས་མ་རེད་ཅེས་བཤད། ཨ་མ་འཛུམ་ཞོར་དུ། རེད། ཡག་པོ་རེད། ཁྱེད་གཉིས་ཀྱིས་སྤུན་ཆེ་བའི་ཡོན་ཏན་མཐོང་བ་འདི་ངོ་མ་ཡག་པོ་རེད་ཅེས་ལབ།

ནུབ་མོ་དེར། ཡང་བསྐྱར། ཨ་མ་དེས་སྐད་ཤུགས་ཆེན་པོས། སྦྲུལ་སླེབས་སོང་། སྦྲུལ་སླེབས་སོང་ཅེས་སྐད་ཅོར་བརྒྱབ། དེ་ནས་སྤུན་གསུམ་པོ་ཨ་མའི་མདུན་དུ་བསླེབས་ཏེ། ཨ་མ། སྦྲུལ་གང་ན་འདུག་ཅེས་དྲིས། ཨ་མས་མཛུབ་མོ་བུ་ཆེ་བའི་ཁ་ལ་གཏད་དེ། སྦྲུལ་དེ་ཁྱོད་ཀྱི་ཁ་ནང་ནས་མར་ཡོང་གིན་འདུག་ཅེས་སྐད་ཅོར་བརྒྱབ་པ་དང་། དེ་ནས་ཡང་། མོས་ད་འགྲིག་སོང་། སྦྲུལ་ཁྱོད་ཀྱི་ཁ་ནང་ནས་མར་བུད་དེ་ཁང་བའི་ཕྱི་ལ་ཕྱིན་ཚར་སོང་ཞེས་དགའ་འབོད་བྱས།

དེ་ནས་བུ་ཆེ་བ་ཤིན་ཏུ་དགའ། ཉིན་དེ་ནས་བཟུང་། བུ་ཆེ་བའི་སེམས་ཀྱི་སྡུག་བསྔལ་ཇེ་ཆུང་ནས་ཇེ་ཆུང་དུ་སོང་། དེ་ནས་ཁྱིམ་མཚེས་ཀྱི་རྒྱ་ར་ཁོང་ཚང་གི་ས་ཞིང་ནང་དུ་རྒྱ་བསྐྱེད་བཏང་ཡོད་མཐོང་བ་དང་། ཁྱིམ་མཚེས་ཚོར་གནས་ལུགས་དང་རྒྱུ་མཚན་བཤད་དེ། རྒྱ་ར་མར་བཤིག་ཏུ་བཅུག་པ་དང་ས་ཞིང་རྣམས་ཕྱིར་བླངས།

དུས་དེ་ནས་བཟུང་བུ་སྤུན་གསུམ་པོས་འཆམ་མཐུན་གྱི་འཚོ་བ་སྐྱིད་པོ་ཞིག་རོལ་ཏེ་གནས་སོ།།

 

ཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: བུད་མེད་ཀྱི་ཐབས་ཀྱིས་ཁྱིམ་ཚང་བསྐྱངས་།

lake tadalafil (cialis) influence

AFrauckcica | 19/06/2020

<a href="https://cialisle.com/">cialis 20 mg tablet</a>

New comment