wildyaks
Wildyaks
>
༄༅།། བོད་པའི་སྐྱེས་སྐར་རོལ་ཚུལ་གསལ་བསྒྲགས།
༄༅།། བོད་པའི་སྐྱེས་སྐར་རོལ་ཚུལ་གསལ་བསྒྲགས།
༄༅།། བོད་པའི་སྐྱེས་སྐར་རོལ་ཚུལ་གསལ་བསྒྲགས།
གསོན་པོ་དང་མྱི་གླེན་པ་གཉིས་ཀྱིས་རྩོམ་སྒྲིག་བྱས།
ལྷ་རྒྱལ་གླིང་ནས།
2020-09-16
གཅིག སྐྱེས་སྐར་རོལ་སྐབས་ཀྱི་ཅ་དངོས།
སྐྱེས་སྐར་རོལ་མཁན་ལ། འཕྲེད་དར་རམ་ཁ་ཡིག མཆོད་མེ། སྤྲི་གོར། ལོ་གྲངས། བོད་ལྭ། ཁ་བཏགས། ནང་མི་དང་སྐྱེས་སྐར་དེ་ལ་ཞུགས་མཁན་གྱི་གྲོགས་པོ་གྲོགས་མོ་ལ། ཁ་བཏགས། ལེགས་སྐྱེས། གསལ་བཤད། ལེགས་སྐྱེས་ལ་གཏན་འཁེལ་མེད་མོད། བྱིས་པའི་མ་འོངས་འཚོ་བ་དང་ཀུན་སྤྱོད་ལེགས་ལམ་དུ་གཏོང་བར་ཕན་པ་ལས། མི་ཆེན་ཚོས་དབང་ཐང་དང་རྒྱུ་འབྱོར་ངོམས་པའི་སྟེགས་བུ་རུ་གཏན་ནས་གཏོང་མི་རུང་། འཛེམ་བྱ། སྐྱེས་སྐར་ལེགས་སྐྱེས་ལ་མེ་མདའ་སོགས་མཚོན་ཆའི་རིགས་གཏན་ནས་སྟེར་མི་རུང་ཞིང་། ལེགས་སྐྱེས་ཆེ་མི་རུང་། གལ་སྲིད་ཆེ་སོང་ན་སྐྱེས་སྐར་ནི་ལོ་ལྟར་རྒྱུན་མི་ཆད་པ་བསྟུད་མར་འོང་བས་སྔར་ལོ་ལས་ཕྱིར་ལོ་ལེགས་སྐྱེས་ཆུང་ན་བྱིས་པ་ཡིད་མ་ཚིམ་པ་དང་ཁོ་ཆད་པའི་འདུ་ཤེས་སྐྱེ་བར་བཤད།
གཉིས། སྐྱེས་སྐར་གླུ་གཞས།
གཞས་ཚིག༢༠༡༧ལོར་རྔ་བ་རང་རིག་སྐྱིད་ཀྱིས་བརྩམས།
ཁྱེད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།
ཁྱེད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།
བརྩེ་བའི( )ཁྱེད་ཀྱི་སྐྱེས་སྐར་ལ།
ཚེ་རིང་ནད་མེད་ལོ་བརྒྱ།
ཚེ་རིང་ནད་མེད་ལོ་བརྒྱ།
གསུམ། སྐྱེས་སྐར་རོལ་སྐབས།
ཐོག་མར་སྐྱེས་སྐར་ཁ་ཡིག་སྦྱར། སྐྱེས་སྐར་རོལ་མཁན་དེ་ཉིད་ཀྱིས་བོད་ལྭ་གྱོན། སྐེ་ལ་ཁ་བཏགས་བསྒྲོན། སྐྱེས་སྐར་སྤྲི་གོར་འགྲམ་ལ་མཆོད་མེ་བསྒྲོན་རྗེས་མཆོད་མེ་ཁྱེར་ནས་མཆོད་ཁྲིའི་སྟེང་དུ་བཞག དེ་ནས་སྐྱེས་སྐར་ལ་སྨོན་འདུན་ཕུལ་བའི་བཟའ་མི་གཉེན་ཉེ་གྲོགས་པོ་གྲོགས་མོ་ཚང་མས་མཉམ་དུ་སྐྱེས་སྐར་གླུ་གཞས་ལེན་པ།
བཞི། སྐྱེས་སྐར་སྤྲི་གོར་བགོ་འགྱེད།
སྤྲི་གོར་བགོས་ནས་ལོ་རྒན་རིམ་ལྟར་ཆེ་བ་ནས་ཆུང་བར་རང་གིས་དངོས་སུ་སྟེར་བ། ལེན་མཁན་གྱིས་ཚེ་རིང་ལོ་བརྒྱ། བྱ་བ་ལམ་འགྲོ། ཁ་ལས་དགེ། སྐྱེས་སྐར་ལ་རྟེན་འབྲེལ་ཞུ་སོགས་ཁ་ནས་རང་གིས་གང་ཤེས་ཀྱི་ཤིས་ཚིག་རྗོད་པ།
ལྔ། སྐྱེས་སྐར་གྱི་དབྱངས་རྟ་དང་ཚིག
ཐོག་མའི་སྐྱེས་སྐར་གྱི་དབྱངས་རྟ་ནི་ཨ་མེ་རི་ཀའི་ལིར་སི་མངའ་སྡེའི་ཤེར་བུ་མོ་སྤུན་གཉིས་ཀྱིས་ཚང་མར་ཞོགས་པ་བདེ་ལེགས་ཞེས་པའི་ཁམས་འདྲིའི་དབྱངས་གཞིར་བཟུང་སྟེ། ཁྱེད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་ཞེས་པ་དབྱངས་རྟ་དེ་ལ་དྲངས་པ་སྐྱེས་སྐར་གླུ་རུ་ཆགས་པའོ།།
སྐྱེས་སྐར་དབྱངས་རྟ་དེ་ས་གནས་དང་མི་རིགས་གང་གི་སྐད་དུ་བསྒྱུར་རུང་སྔར་གྱི་དབྱངས་རྟ་ལ་ད་ཐུག་བར་དུ་འགྱུར་བ་སོང་མེད། དབྱངས་ཡིག་ནི།
དྲུག སྐྱེས་སྐར་དར་བའི་ལོ་རྒྱུས་མདོ་ཙམ།
སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་ཡས་མས་སུ་ཨེ་ཅིབ་གདོད་མའི་ཆོས་ལུགས་སུ་སྐྱེ་བ་རྗེ་མར་ཡང་བསྐྱར་མི་ལུས་ཐོབ་ཕྱིར་དར་བར་བཤད། སྐབས་དེར་ཨེ་ཅིབ་པའི་ལུགས་ལྟར་མགོ་ལ་ཞྭ་མོ་གྱོན་པའི་རྩེ་མོ་ན་སྐར་མ་དང་ཚེས་རིས་ད་ལྟའི་ཁ་ཆེའི་ཆོས་ཁང་མགོའི་ཏོག་ལྟ་བུ་ཞིག་ཏུ་ངེས། ཕྱིས་སུ་ཚུར་རོ་མན་དུ་དར་སྐབས་ཞྭ་མོ་དེ་བསྒྱུར་ནས་རྩེ་མོར་ཡེ་ཤེས་མ་ཤི་ཀའི་མཚོན་བྱེད་ལྔ་ཡོད་པ་དེ་གྱོན་སྲོལ་བཙུགས། དེའི་ཕྱིས་སུ་རྒུ་རུ་སུ་ལ་དར་བ་ནས་སྐྱེས་སྐར་སྤྲི་གོར་བཟོ་སྲོལ་གསར་དུ་དར། སྐྱེས་སྐར་སྤྲི་གོར་གོར་གོར་ཡིན་པ་དེས་ཟླ་བ་མཚོན། དེའི་སྟེང་དུ་སྒྲོན་མེ་སྤར་བ་དེས་ཟླ་བའི་འོད་མཚོན། བཤད་སྲོལ་གཞན་དུ། ཕེ་རྒན་ནམ་ཤེ་མིན་ཟེར་བའི་ཡེ་ཤེས་ཆོས་ལུགས་ཀྱི་ཡན་ལག་གི་གྲུབ་མཐའི་ལུགས་སུ་སྒྲོན་མེ་ལ་ཕུ་བཏབ་ཏེ་གསོད་པ་ནི་དུ་བ་ནམ་མཁར་སོང་ན་ཉིན་དེར་མི་ཡུལ་དུ་མི་གཅིག་སྐྱེས་པ་ནམ་མཁའི་ལྷ་ལྷ་མོ་ཚོས་ཤེས་པའམ་ཁོ་ཚོར་སྐྱབས་འཇུག་གམ་བཅོལ་དམ་བྱས་པ་མཚོན། བྱེད་སྟངས་དེ་ལ་ཁ་ཆེ་བ་ཚོས་འཐད་པ་མེད་པར་དགག་པ་ཚ་ནན་གཏང་འདུག་སྐད།
བཤད་སྲོལ་གཞན་ཞིག་ཏུ། རྒུ་རུ་སུའི་དམངས་ཁྲོད་རིག་གནས་སུ་མི་ཚང་མ་བདུད་གཅིག་གིས་བསྲུངས་པར་ཡིད་ཆེས། ཕྲུ་གུ་བཙའ་དུས་བདུད་དེས་རོགས་རམ་དང་ཚེ་གང་ལ་སྲུང་སྐྱོབ་བྱེད། བདུད་དེ་ལྷ་ཞིག་དང་འབྲེལ་བ་དམ་པོ་ཡོད། དེ་ནི་བདུད་དེའི་སྲུང་སྐྱོབ་བྱེད་པའི་ཕྲུ་གུ་དེ་དང་སྐྱེས་སྐར་འདྲ་མཚུངས་ཡིན། རོམ་གྱི་མི་རྣམས་ཀྱི་ལྟ་ཚུལ་དེ་དང་ཕལ་ཆེར་འདྲ་མཚུངས་ཡིན།
ཡང་བཤད་རྒྱུན་གཞན་ཞིག་ཏུ། རྒུ་རིགས་དམངས་ཁྲོད་དུ་ཟླ་བ་འདྲ་བའི་སྤྲི་གོར་སྟེང་པྲ་ཚིལ་མཆོད་མེ་བསྒྲོན་ནས་གཙུག་ལག་ཁང་ཡང་སྟེང་ནས་ཟླ་བའི་ལྷ་ལ་མཆོད་པ་བཤམས་ན། རང་གི་སྨོན་འདུན་མངོན་འགྱུར་ཐུབ་པའི་མཐུ་ནུས་ཁྱད་པར་བ་ཐོབ་པའི་དད་པ་མཚོན། དེ་ལྟར་སྐྱེས་སྐར་གཏོང་སྲོལ་ནི་རྫུ་འཕྲུལ་དང་ཆོས་ལུགས་གང་རུང་གི་དད་པ་ལ་བརྟེན་ནས་བྱུང་བར་བཤད།
དུས་རབས་བཅུ་དགུ་བའི་ཡར་སྔོན་དུ་སྐྱེས་སྐར་ནི་སྐྱེས་པ་ཕོ་ལས་བུད་མེད་ལ་གཏོང་སྲོལ་མ་མཆིས། དུས་རབས་བཅུ་དགུ་བར་ཐོག་མར་དབྱིན་ཇིའི་རྒྱལ་མོས་སྐྱེས་སྐར་རོལ་ནས་ཨ་མེ་རི་ཀ་དང་ཡོ་རོབ་སོགས་སུ་ཕོ་མོ་འདྲ་མཉམ་གྱི་ལས་འགུལ་བྱུང་བ་དང་བསྟུན་དམངས་དཀྱུས་མའི་བུད་མེད་ཚོས་སྐྱེས་སྐར་རོལ་བའི་འགོ་ཚུགས་ཤིང་། དོན་དེ་ཆབ་སྲིད་ཀྱི་ངོ་བོ་རུ་བསྒྱུར་ནས་དོན་ངན་པ་ཆེ་མ་ཆུང་གསུམ་གྱི་ལས་སྣ་ཚོགས་བྱུང་ཚུལ་བཤད།
བདུན། བོད་པའི་སྐྱེས་སྐར་རོལ་ཚུལ་གླེང་དགོས་པའི་རྒྱུ་མཚན།
སྔ་རབས་བོད་མིས་སྐྱེས་སྐར་རོལ་ཚུལ་དང་གཏན་ནས་མི་འདྲ་བའི་ནུབ་གླིང་མིས་སྐྱེས་སྐར་རོལ་ཚུལ་འདི་འཛམ་གླིང་ས་སྒང་ཧྲིལ་པོར་ཁྱབ་དང་ཁྱབ་བཞིན་པ་ལྟར་འུ་ཅག་གི་ཡུལ་ལ་ཚ་རླབས་དེ་ལོ་རེ་ལས་ལོ་རེར། ཟླ་རེ་ནས་ཟླ་རེར། ཉིན་རེ་ལས་ཉིན་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བ་ལ་འགྲིག་མིན་གྱི་སྐད་ཆ་མེད་ཀྱང་། ས་གནས་གཞན་དང་གཞན་དུ་དར་བ་ལྟར་དེ་ལ་རང་མི་རིགས་ཀྱི་ཁྱད་ཆོས་མ་འདྲ་བ་ཞིག་ཡོད་ན་ཧ་ཅང་གི་ལེགས་པོ་རུ་སྣང་།
གོང་དུ་བོད་མིས་སྐྱེས་སྐར་རོལ་སྐབས་མགོ་ལ་ཤོག་ཞྭ་མི་གྱོན་པ་ནི་ཉེ་བའི་རིག་གནས་གསར་རྗེ་དུས་སུ་ཞྭ་མོ་ཅན་ཞེས་ཉེས་མེད་སྨྱོན་འཛུགས་བྱས་ཏེ་མནར་གཅོད་སྣ་ཚོགས་དང་བཙོན་ལ་བཅུག་པ། ཚེ་སྲོག་ཤོར་བ་སོགས་གྲངས་སུ་མི་ཟིན་པས། བོད་མི་ཚང་མས་མགོ་ལ་ཤོག་ཞྭ་གྱོན་པ་དུས་དེ་ནས་ལྟས་ངན་ཚབ་ཆེན་དུ་བརྩིས། ཤོག་ཞྭའི་ཚབ་ཏུ་སྐེ་ལ་དྲི་མེད་དྭངས་གཙང་གི་ལྷ་རྫས་ཁ་བཏགས་ཤིག་བསྒྲོན་ན་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་རྟེན་འབྲེལ་གྱི་མཚོན་བྱེད་ཐུབ་པ་ཧ་ཅང་ལེགས། སྤྲི་གོར་ནི་དྲིན་ཆེན་ཕ་མ་དང་གཉེན་ཉེ་མཛའ་གྲོགས་ཚང་མའི་བཀའ་དྲིན་དང་བརྩེ་བ་ལ་དྲིན་ལན་མི་བརྗེད་པའི་ཆེད་དུ་བཀོད་བསྒྲིགས་བྱས་པའི་ལེགས་སྐྱེས་ཡིན། འགྲམ་གྱི་མཆོད་མེ་ནི་ཤེས་རབ་སྟེ་རང་གིས་ཤེས་རབ་ལ་བརྟེན་ནས་རྨོངས་པ་དང་ཉེས་པ་སེལ་ནས་འཇིག་རྟེན་མི་ཡུལ་གྱི་མུན་པ་ཚེ་སྲོག་གི་འོད་སྣང་གིས་གསལ་བ་བྱ་བ་དང་། མཆོད་མེར་ཕུ་མ་བཏབ་པར་མཆོད་པར་ཕུལ་ན་ལྷག་ཏུ་རང་གི་དྲིན་ཆེན་རྩ་བའི་བླ་མའི་ཤེས་རབ་བསྩལ་བའི་སྐུ་དྲིན་མ་བརྗེད་པ་མཚོན་པ་ནི་ལེགས་པ་ལས་ཀྱང་ལེགས་པའོ།། ལུས་ལ་བོད་ཆས་མནབས་པ་ནི་ཕ་མེས་ཡང་མེས་ཀྱི་ལོ་རྒྱུས་གོམས་སྲོལ་དང་། རང་ཉིད་དེ་དག་གི་བུ་རབས་ཚ་རྒྱུད་ཡིན་པ་དྲན་སྐུལ་དང་། ཁོ་ཚོའི་སྐུ་དྲིན་ལས་དེ་རིང་ངའི་ཚེ་སྲོག་དང་བདེ་སྐྱིད་བྱུང་བ་མཚོན་པ་བཅས་སོ།། དགེའོ།།
Topic: ༄༅།། བོད་པའི་སྐྱེས་སྐར་རོལ་ཚུལ་གསལ་བསྒྲགས།
No comments found.
New comment
Name
Subject
Comment
Please copy this text: 68f3e7fd2047
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print