དགོད་གཏམ།

ཉིན་ཞིག་ལ། དགེ་རྒན་ཞིག་གིས་སློབ་མ་ཞིག་ལ་དྲི་བ་དྲིས་དོན། དགེ་རྒན་ན་རེ། སྡོང་བུ་ཞིག་གི་མགོར་བྱེའུ་གཉིས་བབས་ཡོད། གཅིག་ལ་མེ་མདའ་བརྒྱབ་ནས་བསད་པ་རེད།ཤུལ་ན་ག་ཚོད་ལྷག་ཡོད་དམ། སློབ་ཕྲུག་ན་རེ།ཤུལ་ན་ད་དུང་གཅིག་ལྷག་ཡོད་ཅེས་ལན་བཏབ་པར། དགེ་རྒན་ཁོང་ཁྲོ་ལངས་ནས་སློབ་མ་དེར་གཤེ་གཤེ་བཏང་དོན། གླེན་པ། དེའང་མི་ཤེས་སམ།གཅིག་ལ་མེ་མདའ་ཕོག་སྐབས་གཞན་པ་དེ་སྐྲག་ནས་བྲོས་ཚར་བ་རེད།སྡོང་མགོ་ན་བྱེའུ་གཅིག་ཀྱང་ལྷག་མེད།ཅེས་བཤད་ནས་སློབ་མ་དེར་མུ་མཐུད་དུ་དྲི་བ་ཞིག་དྲིས། དགེ་རྒན་ན་རེ། ངས་ཁྱེད་ལ་མཐའ་མའི་དྲི་བ་ཞིག་འདྲི།ད་ཐེངས་ཀྱང་མ་ཤེས་ན་ཁྱེད་ལ་རྡུང་གི་ཡིན། སློབ་ཁང་ནང་ཁྱོད་གཅིག་པུ་མ་གཏོགས་མེད་པས་དུས།ང་སློབ་ཁང་ནང་སླེབས་པ་ཡིན་ན།མི་ག་ཚོད་འདུག་གམ།
སློབ་མ་ན་རེ། མི་གཅིག་འདུག དགེ་རྒན་དེ་ཁོང་ཁྲོ་ལངས་ཞོར་བཤད་དོན། ཁྱོད་དང་ངེད་གཉིས་བསྣན་ན་གཉིིས་མིན་ནམ། སློབ་མ་ན་རེ། རྒན་ལགས། ཁྱེད་སླེབས་མ་ཐག་ང་སྐྲག་ནས་བྲོས་ཚར་བ་རེད་ཅེས་ལན་བཏབ།

ལྕགས་མོ་འཚོས་བོད་བསྒྱུར་དང་བཅོས་སྒྲིག་བྱས།