དོན་མེད་ཀྱི་འགྲམ་ལྕག

སྔོན་སྤྲང་པོ་ཕ་བུ་གཉིས་སྒོ་རྩམ་སློང་ནས་འགྲོ་བཞིན་ཡོད། ཕྱིན་ཕྱིན་པས་ཁོ་གཉིས་ཀ་ཐང་ཆད། ཕས་བུར་སེམས་ཤུགས་བསྐྱེད་ཆེད་དུ་འདི་ལྟར་ལབ། ངེད་གཉིས་ཀྱིས་སྡུག་རུས་བྱས་ཏེ་རྩམ་པ་སློང་དགོས། རྩམ་པ་མང་པོ་བྱུང་ན་རྩམ་པ་འཙོང་སྟེ་བོང་བུ་ཞིག་ཉོ་ཆོག བོང་བུ་བྱུང་ན་རྐང་ཐང་དུ་འགྲོ་དགོས་མེད། ཅེས་བཤད། བུ་དེའི་ལན་དུ། བོང་བུར་བོང་ཕྲུག་སྐྱེས་ན་ཕས་བོང་རྒན་དང་ངས་བོང་ཕྲུག་ལ་བཞོན་ཆོག་ཅེས་བཤད་པས།ཕས་བོང་ཕྲུག་ལ་བཞོན་ན་བོང་ཕྲུག་གི་སྐེད་པ་བཅག་གི་མ་རེད་དམ་ཟེར་བཞིན་རང་གི་བུར་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས།།

ས་སྐྱ་བ་བསོད་ཚེས་བསྡུ་སྒྲིག་བྱས།