རང་གིས་རང་ལ་འཕྱ་དམོད་བྱེད་པ།

རང་གིས་རང་ལ་འཕྱ་དམོད་བྱེད་པ།

ལྷ་ཆབ་སྦྱིན་པས་བསྡུས།

༄༅།།  སྔ་མོའི་དུས་སུ་གནས་སྐོར་བ་གཉིས་ལྷ་སར་གནས་མཇལ་དུ་སླེབས་པས་ལམ་བར་འགྲུལ་སྐྱོད་ཀྱི་ངལ་དུབ་དང་འཚོ་བ་སོགས་ཀྱིས་རྐྱེན་པས་མགོ་ལུས་ཡོངས་རྫོགས་ཐལ་བས་གཡོགས་ཤིང་གདོང་མདོག་ཤིནཏུ་ཉེས་པོར་གྱུར།
ཉིན་ཞིག་གནས་སྐོར་བ་དེ་གཉིས་ལྷ་སའི་བར་སྐོར་ནས་སྲང་ལམ་ཞིག་བརྒྱུད་དེ་གཟིམ་ཤག་ཆེན་པོ་ཞིག་གི་སྒེའུ་ཁུང་འགྲམ་འགྲོ་སྐབས་གཟིམ་ཤག་དེའི་སྒེའུ་ཁུང་གི་ཤེལ་སྒོའི་ནང་ཁོ་རང་གཉིས་ཤར་ཡོང་བས་གནས་སྐོར་བ་གཅིག་གིས་གཅིག་ཤོས་དེ་དའི་རྣ་ལམ་དུ་སྐད་ཤབ་ཤུབ་ངང་། ཝ་ཡེ། ཕར་ལྟོས་དང་ཕ་གའི་ཁང་བའི་ནང་མི་མདོག་ཉེས་པ་དེ་འདྲ་གཉིས་འགྲོ་བཞིན་འདུགཅེས་བཤད་པས་དེར་གནས་སྐོར་བ་གཅིག་ཤོས་དེས་ཁ་རྡུང་དང་སྦྲགས་ཁྱོད་རང་ག་རེ་ཟེར་གྱི་ཡོད། ཕ་གའི་མི་དེ་གཉིས་ང་རང་གཉིས་ཤེལ་སྒོའི་ནང་ཤར་བའི་གཟུགས་རིས་མ་རེད་དམ། རང་གིས་རང་ངོ་མི་ཤེས་པ་་་་་་་ཞེས་བརྗོད་དོ།།

Topic: རང་གིས་རང་ལ་འཕྱ་དམོད་བྱེད་པ།

No comments found.

New comment