རོ་ཁང་ཞིག་ལ་བལྟ་རྒྱུ་ཅི་ཡོད།

རོ་ཁང་ཞིག་ལ་བལྟ་རྒྱུ་ཅི་ཡོད།

 

༄༅།།  ཐེངས་ཤིག་མཁས་གྲུབ་བོད་མི་མང་བོ་ཞིག་དང་ལན་དུ་རྒྱ་གར་གྱི་མཁར་གྲོང་ཨག་ར་ཞེས་པ་དེ་བརྒྱུད་ནས་རྒྱལ་ས་ལྡི་ལིར་སོང་བ་རེད།  ཉིན་ཞིག་ཁོང་ཚོས་གྲོང་ཁྱེར་དེའི་ཉེ་འགྲམ་ཞིག་ཏུ་ངལ་གསོ་བྱས་ནས་བསྡད་པ་དང་།  མི་ཚང་མ་བྲེལ་བྲེལ་འཚུབ་འཚུབ་གྱིས་རྒྱ་གར་གྱི་གནའ་བོའི་མཁར་གྲོང་གྲགས་ཆེན་ཏ་ཅི་མ་ཞེས་པ་དེར་བལྟ་རུ་ཕྱིན་པ་རེད།  སྐབས་དེར་མཁས་གྲུབ་གྱི་ཨམ་ཕྲག་ཏུ་རྒྱ་གར་གྱི་སྒོར་བཅུ་ལས་མེད་པ་དང་།  གནའ་མཁར་དེའི་ནང་དུ་འཛུལ་བྱེད་ཀྱི་འཛིན་བྱང་ཉོ་བར་འདང་གི་མེད་པ་རེད།  ཁོའི་འགྲོ་རོགས་ཚོས་ཁྱོད་གནའ་མཁར་གྲགས་ཆེན་འདིའི་མདུན་དུ་ཐོན་ནས་བལྟ་རུ་འགྲོ་མི་འདོད་པ་ག་རེ་རེད་ཅེས་དྲིས་དུས།ཁོས་ང་ལ་འཛིན་བྱང་ཉོ་བྱེད་ཀྱི་སྒོར་མོ་མེད་ཅེས་བརྗོད་པའི་སྤོབས་པ་བྲལ་ཏེ།“རོ་ཁང་ཞིག་ལ་བལྟ་རྒྱུ་ཅི་ཡོད”ཅེས་ཁ་རྒྱག་བཤད་ནས་གཅིག་བུར་ཤུལ་དུ་ལྷག་པ་དང་གནའ་མཁར་དེར་བལྟ་མ་ཐུབ་པ་རེད།།
 

 

Topic: རོ་ཁང་ཞིག་ལ་བལྟ་རྒྱུ་ཅི་ཡོད།

No comments found.

New comment