རྫུན་མི་ཤེས་པའི་བྱིས་པ་ལོ་བརྒྱད།

ཨ་མ་ཕྱི་ལ་ཕྱིན་པས་བུ་གཉིས་པོས་མར་བརྐུས་ཏེ་མར་སྤགས་ཡིད་ཚིམས་པ་ཞིག་ཟོས། བུ་རྒན་པས་ཆུང་བར་དེ་དོན་ཨ་མས་མ་ཤེས་པ་བྱ་དགོས་པའི་ཁ་ཏ་ལན་མང་བྱས། ཨ་མ་ལོག་ཡོང་སྟེ་ཁྱིམ་གྱི་སྒོ་འཛུལ་མ་ཐག་བུ་ཆུང་བས་སེམས་རྩ་འཁོལ་པོའི་ངང་ནས་ཨ་མ་ལགས། དེ་རིང་ང་དང་ཨ་ཇོས་མར་བརྐུས་མེད་ཅེས་བཤད།།

ས་སྐྱ་བ་བསོད་ཚེས་བསྡུ་སྒྲིག་བྱས།