༄༅།། ངའི་མིང་ལ་ལྷ་ཆབ་སྦྱིན་པ་ཟེར། ༡༩༧༧ལོར་བོད་མདོ་སྨད་བླ་བྲང་དུ་སྐྱེས། རང་ལོ་བཅུ་གཉིས་སྟེང་ལྷ་ཆབ་དགོན་པར་ཞུགས། རང་ལོ་བཅུ་བདུན་སྟེང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞུགས། ༡༩༩༥ ལོ་ནས་བོད་ཀྱི་སྒེར་གཉེར་དུས་དེབ་ཐོག་མར་གྲགས་པའི་《ཀུར་བཀུར་ཆུན་པོ》གསར་སྤེལ་བྱས་ནས་རྩོམ་སྒྲིག་པ་བྱས། ཞོར་དུ་བོད་ཀྱི་དུས་དེབ་དང་ཚགས་ཤོག་སོགས་སུ་རྩོམ་ཡིག་མང་དུ་སྤེལ་མྱོང་། ༢༠༠༠ ལོར་བཙན་བྱོལ་དུ་འབྱོར་ནས་《སྤྱང་མོའི་རྐང་རྗེས་འཚོལ་བ》དང་ཆབ་སྲིད་བཙོན་པའི་ལོ་རྒྱུས་དེབ་ཕྲེང་གསུམ་བཅས་བརྩམས་ཏེ་དཔར་སྐྲུན་དང་། དཔར་དུ་མ་འཁོད་པའི་དེབ་འགའ་བཅས་ཡོད།
Lhachap Jinpa was born in Amdo Labrang in eastern Tibet. When he was 12 years old, he joined Lhachap Gonpa and when he was 17 years old, he joined the Institute of Buddhist studies in Gansu province. In 1995, he began to publish and distributed a magazine called “Kur Kum Chenpo” which means a bouquet of flowers. It was the first privately owned magazine in Tibet and Lhachap Jinpa worked as the editor. At the same time, he has written a variety of articles in many different magazines and newspapers. In 2000, he came to India and published a book called “Changmu Kang Gee Tsolwa” which means "Seeking Footsteps of a Female Wolf" and wrote and published three books on Tibetan political prisoners. He has written several books which have yet to be published.