སྒོར་གསུམ་གྱི་གློག་ཀླད(Computer)ལས་འཆར།

སྒོར་གསུམ་ནི་ཧ་ལམ་འཚིག་ཇ་ཕོར་བ་གང་གི་རིན་གོང་ཙམ་རེད། ཡིན་ནའང་ཁྱེད་དང་གཞན་མཉམ་རུབ་ཀྱིས་ཟླ་གཅིག་ལ་སྒོར་གསུམ་གནང་བ་ཡིན་ན། རྒྱང་རིང་གི་བོད་ཀྱི་བྱིས་པ་ཞིག་གི་ལས་དབང་ལ་ཁ་ལོ་བསྒྱུར་སྲིད། 

གྲོགས་པོ་ཚོ་ང་ཚོའི་སྒོར་གསུམ་གྱི་གློག་ཀླད་ལས་འཆར་འདིར་མཉམ་ཞུགས་གནང་རོགས་ཞུ།

བོད་ཀྱི་གྲོང་གསེབ་ཁག་ཏུ་ཡོད་པའི་སློབ་གྲྭ་མང་པོ་ཞིག་ཏུ་གློག་ཀླད་(Computer)ཀྱི་ཆ་རྐྱེན་ཧ་ཅང་ཞན་པ་དང་། ཡང་ན་རྩ་བ་ནས་མེད་པའི་གནས་སྟངས་ལ་དམིགས་ཏེ། ང་ཚོས་ལས་འཆར་འདི་གསར་འཛུགས་བྱས་པ་ཡིན། ལས་འཆར་འདིའི་དམིགས་ཡུལ་དེའང་། ལོ་རེར་བོད་ནང་གི་གྲོང་གསེབ་ཁག་ཏུ་ཡོད་པའི་སློབ་གྲྭ་ཁག་ཅིག་གི་ནང་དུ་གློག་ཀླད་ཁ་ཤས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་ཁོ་ན་ཡིན་ཞིང་། གློག་ཀླད་ཀྱི་ནུས་པར་བརྟེན་ནས། གྲོང་གསེབ་ནང་གི་སློབ་མ་ཚོའི་བློ་རྒྱ་ཆེ་བསྐྱེད་ཀྱིས་སྣ་འཛོམས་སློབ་ཚན་ལ་འབྲེལ་འཐུད་བྱེད་ཐུབ་པ་དང་། ཕྱི་རོལ་གྱི་འཇིག་རྟེན་གསར་བ་ཞིག་ཤེས་རྟོགས་ལ་ཕན་ཐོགས་དང་རམ་འདེགས་ཐུབ་པ་སྨོས་མེད་ཡིན། 

 

ལས་འཆར་འདིར་ཞུགས་འདོད་ཡོད་པའི་ཚོགས་པའམ། མི་སྒེར་སུ་ཞིག་ཡིན་རུང་ཟླ་གཅིག་ལ་སྒོར་གསུམ་༼སོ་སོ་གནས་སྡོད་རྒྱལ་ཁབ་ཀྱི་སྒོར་མོ་འམ། ཡང་ན་ཨ་སྒོར།༽དང་། ལོ་གཅིག་ལ་སྒོར་སུམ་ཅུ་སོ་དྲུག་དྲ་ངོས་འདི་བརྒྱུད་ནས་གཡག་རྒོད་དྲྭ་བར་བསྐུར་དགོས། གཡག་རྒོད་དྲྭ་བའི་ལས་ཀ་བ་ཡོད་དོ་ཅོག་ནི་དང་བླངས་མི་སྣ་ཁག་ཅིག་གིས་ལས་ཞོར་དུ་བོད་ཀྱི་བྱིས་པའི་སློབ་གསོའི་ལས་དོན་ཕྲན་བུ་གཉེར་བཞིན་པ་ཡིན་པས། ཚོང་གི་ངོ་བོར་ཕྱོགས་པའི་རྣམ་པ་སྤུ་ཙམ་ཡང་མེད་པས་ན། ང་ཚོའི་ལས་འཆར་འདིར་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་བློ་བདེ་བའི་ཐོག་ནས་ཞལ་འདེབས་གནང་ཆོག་པ་དང་།ཁྱེད་ཅག་གིས་གནང་བའི་སྒོར་ཟུར་གཅིག་ཙམ་ཡང་ཆུད་ཟོས་སུ་འགྲོ་རུ་མི་འཇུག་པར།དངུལ་དེ་དག་བརྒྱ་ཆའི་བརྒྱ་བོད་ནང་གི་གྲོང་གསེབ་ཁག་ཏུ་ཡོད་པའི་སློབ་གྲྭ་ཚོར་གློག་ཀླད་མངག་ཉོ་བྱེད་དུ་གཏོང་ངེས་ཡིན།

 

དུས་རབས་ཉེར་གཅིག་པའི་སློབ་མ་ཚོར་ཆ་མཚོན་ན་། གློག་ཀླད་ནི་ཆེས་དགོས་མཁོ་ཆེ་ཞིང་མེད་དུ་མི་རུང་པའི་སློབ་སྦྱོང་གི་ཡོ་བྱད་ཅིག་ཡིན་པ་དང་། ལས་འཆར་འདིའི་ནང་ལ་བོད་ཀྱི་བྱིས་པ་ཚོར་ཤ་ཞེན་གནང་མཁན་ཚོ་མཉམ་རུབ་ཀྱིས་རོགས་སྐྱོར་གནང་བ་ཡིན་ན། ལས་གཞི་འདི་ལམ་སློང་ཡོང་བར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད་། དེ་བཞིན་མ་དངུལ་གྱི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་ཆེད། དངུལ་སྒོར་སྤྲོད་མཁན་གྱི་ཚོགས་པའམ། མི་སྒེར་གྱི་མིང་ཐོ་དྲ྄་ངོས་འདིར་གསལ་བོར་འགོད་རྒྱུ་༼གལ་ཏེ་མིང་འགོད་འདོད་མེད་ན་དེ་ལྟར་རང་སོར་འཇོག་ངེས༽དང་། དངུལ་རྩིས་བྱུང་འཛིན་སོགས་ཀྱི་པར་ལོག་ཀྱང་དྲ་ངོས་འདིར་བཀོད་དེ་རྩིས་ཁྲ་དུས་ཐོག་ཏུ་དྲ་ཐོག་ནས་གསལ་བསྒྲགས་བྱེད་རྒྱུ་ཡིན།

ལས་འཆར་འདིར་འཛུལ་ཞུགས་བྱེད་འདོད་ཡོད་མཁན་རྣམས་གྱིས་རང་ཉིད་ཀྱི་མཚན་ཆ་ཚང་དང་། གློག་འཕྲིན་ཁ་བྱང་ང་ཚོར་བསྐུར་རོགས་གནང་། དངུལ་སྒོར་གཤམ་གྱི་Paypalབརྒྱུད་ནས་སྐུར་ཆོག་ལ། ཡང་ན་མིང་དང་ཁ་བྱང་འདིའི་ཐོག་ཏུ་(Payable to: Khydup Gyatso, mailing Address: 329 Glenholme Ave., Toronto, ON, M6E 3E4, Canada) དངུལ་དང་(money) དངུལ་འཛིན་( Check) གང་རུང་བསྐུར་ནའང་ཆོག་པས་བཀའ་དྲིན་ཆེ་ཞུ།  

 

གཡག་རྒོད་བོད་ཀྱི་བྱིས་བའི་སློབ་གསོའི་ལས་གཞིའི་ལས་མི་ཡོངས་ནས་ཟླ་ཚེས་ལ།

 

Topic: སྒོར་གསུམ་གྱི་གློག་ཀླད(Computer)ལས་འཆར།

Date: 17/06/2020

By: AFrauckcica

Subject: translate brand cialis online

<a href="https://cialisle.com/">where to buy cialis</a>

Date: 16/07/2014

By: ཚེ་བརྟན་སྒྲོལ་མ

Subject: དེ་རིང་གི་གནམ་གཤིས

དེ་རིང་གི་ཧ་ཅང་འཁྱགས་
སེམས་པ་དམར་པོ་འཁྱགས་སོང
བོད་པའི་སེམས་པ་འཁྱགས་སོང
གང་ནས་འཁྱགས
དུས་དབང་ནས་འཁྱགས
ཆོས་རྭ་ནས་ཆོས་སྐད་ཆད་སོང
དངུལ་རོ་བྲོ་འདུག

Date: 17/06/2020

By: AFrauckcica

Subject: translate brand cialis online

<a href="https://cialisle.com/">where to buy cialis</a>

Date: 16/07/2014

By: དོན་འགྲུབ

Subject: བོད་པའི་བྱིས་པ་སྲུང་སྐྱོབ་བྱེད་རོགས་ཞུ

དོལ་ཚོགས་སོགས་ཆབ་སྲིད་ཀྱི་ནང་འཁྲུག་བྱེད་ན་སྐྱིད་པོ་ཞིག་མི་འབྱུང་བ་ཁོ་ཐག་རེད། དེ་ལས་བོད་ཕྲུག་ཚོའི་སློབ་གཉེར་ལ་འབད་འབུངས་ཐུབ་ན་ཅི་མ་རུང་སྙམ།

Date: 16/07/2014

By: བུ་ཆུང་གསེར་གྱི་ཉི་མ།

Subject: ང་རང་ཚོ་བོད་པའི་མ་འོངས་ཡིན ཕྱིར་བོད་ལ་འགྲོ

བུ་དང་བུ་མོ་ཚང་མ་བོད་པའི་མ་འོངས་ཡིན། མ་འོངས་བ་རྣམས་ཆབ་སྲིད་ཀྱི་བྲན་གཡོག་བྱེད་པ་ལས་བོད་རང་གི་བདག་པོ་བྱེད་ན་སྐྱིད་བྲོ།

Date: 02/07/2014

By: གཡག་རྒོད

Subject: བྱིས་བ

འགྱུར་བ་ནི་ལག་ལེན་ཁོ་ན་བརྒྱུད་ནས་འབྱུང་ཐུབ་པ་ཞིག་ཡིན་པ་ལས། སྒོམ་རྒྱག་པ་དང་སྨོན་ལམ་རྒྱག་པ་གཅིག་པོ་ལས་འབྱུང་བ་ཞིག་མ་རེད།

New comment