ནོར་ཉེན་ཆེ་བའི་ཐ་སྙད།

༄༅། །མཁས་གྲུབ་ལགས་སུ།

ཉེ་ཆར་ཁྱེད་ཉིད་ཀྱི་དེབ་ཅིག་དང་འབྲེལ་བའི་ཐོག་ནས་སྐུ་ངོ་ཀརྨ་སྨོན་ལམ་ལགས་སུ་ཕྱག་ཡིག་སླེབས་པའི་ཁྲོད་དུ་དྲྭ་གནས་ཁ་བྱང་ཡང་འདུག་པས། ཞིབ་ཕྲ་བལྟས་ཡིན། ཞེ་དྲག་ཡག་པོ་འདུག ལྷག་པར་དུ་གཡག་རྒོད་དྲྭ་གནས་ལ་འཛུལ་མ་ཐག་ཏུ་མཚར་སྡུག་ཆེ་བའི་རི་མོ་དེ་དག་གིས་བོད་ཀྱི་ཡུལ་ལྗོངས་ཀྱི་སྣང་བ་སྟེར་གྱི་འདུག རྗེས་སུ་ཡི་རང་ཞུ།

ད་ལན་ཞུ་དོན་གཙོ་བོ་ནི། ངས་གཡག་རྒོད་དྲྭ་གནས་བལྟས་པའི་རྗེས་ལ་ནོར་ཉེན་ཆེ་བའི་ཐ་སྙད་རྣམས་ཞིབ་མོར་བཀླགས་པས། རྨོངས་འཆར་འགའ་ཞུ་རྒྱུ་ཡོད་པ་རྣམས་ཟུར་དུ་མ་བཏོན་པར་ནོར་ཉེན་ཆེ་བའི་ཐ་སྙད་རྣམས་ཀྱི་གོ་རིམ་སོར་བཞག་ཐོག དོགས་དཔྱོད་ཡོད་སར་འབུར་གཟུགས་ཀྱིས་ཚིག་སོ་སོའི་གཡས་ཕྱོགས་སུ་བཀོད་ཡོད།

དེ་ནི་ངས་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ། ཞུས་པ་ཡིན་ན་དགོངས་ཡངས་བཞེས་པའི་རེ་བ་ཡོད།

གཤམ་དུ་འབྲེལ་ཡོད་ཁག་གཟིགས་རོགས།
ཀུན་དགའ་རྒྱལ་མཚན།

 

ནོར་ཉེན་ཆེ་བའི་ཐ་སྙད།

བསེ་རུས་བསྡུས།

ཀུན་ལ་ཕན་ཕྱིར་འདིར་བཀོད་པས།།
དོན་མེད་ཚིག་མཚོན་མ་འདེབས་རོགས།།
གཤམ་འཁོད་མིང་གི་ཐ་སྙད་རྣམས།།
སྔ་མ་ནོར་ལ་ཕྱི་མ་དག།

ཆིབས་བསྒྱུར། ཆིབས་སྒྱུར། སྔོན་མ་དག་པ་ཡིན།
ཡིག་བསྒྱུར། ཡིག་སྒྱུར།
སྐད་བསྒྱུར། སྐད་སྒྱུར།
གསུང་བསྒྱུར། གསུང་སྒྱུར།
རྩོམ་བསྒྱུར། རྩོམ་སྒྱུར།
དབང་བསྒྱུར། དབང་སྒྱུར།
བཅོས་བསྒྱུར། བཅོས་སྒྱུར། སྔོན་མ་དག་པ་ཡིན།


བསྒྱུར་རྩོམ། སྒྱུར་རྩོམ།
བསྒྱུར་གཞི། སྒྱུར་གཞི།
བསྒྱུར་བཅོས། སྒྱུར་བཅོས། སྔོན་མ་དག་པ་ཡིན།
བསྒྱུར་སྟངས། སྒྱུར་སྟངས།
བསྒྱུར་མ། སྒྱུར་མ། ཚིག་གསར་འདི་ཚིག་མཛོད་དུ་གཏན་འབེབས་མེད་ཀྱང་། དོན་ལ་བརྟགས་ན་བསྒྱུར་མ་ཞེས་དགོས་གལ་མཐོང་།
བསྒྱུར་རྩིས། སྒྱུར་རྩིས།
བསྒྱུར་ཐབས། སྒྱུར་ཐབས།
བསྒྱུར་ཕྱོགས། སྒྱར་ཕྱོགས།

 

ཡོད་རེད། ཡོད་པ་རེད།
མེད་རེད། མེད་པ་རེད།
མིན་འདུག མི་འདུག

 

བག་ཆག བག་ཆགས།
གོད་ཆགས། གོད་ཆག
ཉམས་ཆགས། ཉམས་ཆག
གས་ཆགས། གས་ཆག
བསྲེས་ལྷས། བསྲེ་ལྷད། སྔོན་མ་དག་པ་ཡིན།

 

གཅིག་པོ། གཅིག་པུ།
ཡི་ཤེས། ཡེ་ཤེས།
ནོ་བུ། ནོར་བུ།
ཀུན་སློང་། སྐུལ་སློང་། ཚིག་འདི་གཉིས་གོ་དོན་ལོགས་ཀ་ཡིན་ལ་སྔ་ཕྱི་གཉིས་ཀ་དག་པ་ཡིན།
ལངས་ཚོ། ལང་ཚོ།
འཚོར་བ། ཚོར་བ།
གོམ་གཤིས། གོམས་གཤིས།
ཡ་རབ། ཡ་རབས།
མ་རབ། མ་རབས།
སྐྱེས་རབ། སྐྱེས་རབས།
འབྱུང་རབས། བྱུང་རབས།
རྒྱལ་རབ། རྒྱལ་རབས།
གཏད་རབ། གཏད་རབས།
གདུང་རབ། གདུང་རབས།
གད་རྙིགས། གད་སྙིགས།
བཟུང་འབྲེལ། ཟུང་འབྲེལ།
འཁོར་ཡུག ཁོར་ཡུག
འདུལ་བྱ། གདུལ་བྱ།
མཁྲགས་པོ། མཁྲེགས་པོ།
ཞལ་རེས། ཞལ་རས།
དགོངས་པ་བཞེད། དགོངས་པ་བཞེས།
དགོངས་བཞེས། དགོངས་བཞེད།
རིགས་མེད། རིས་མེད།
རིགས་རིས། རིགས་རུས།
ཉར་ཚག ཉར་ཚགས།
སྨག་རིམ། སྨག་རུམ།
གཏིང་རིམ། གཏིང་རུམ།
འཐུམ་རན། འཐིམ་རན།

 

དག་པ། མ་དག་པ།
 

ཡིད་གཞུངས། ཡིད་གཞུང་། འདི་གཉིས་ཀ་དག་པ་གང་ཞིག་དོན་གྱི་ཆ་ནས་ཁྱད་པར་ཡོད།
དམ་དྲག དམ་བསྒྲགས། ཕྱི་མ་དག་པ་ཡིན།
ཁས་ལེན། ཁས་ལན།
རིག་གཞུང་། རིགས་གཞུང་།
ལོག་རྟོག ལོག་རྟོགས།
སྲང་ལམ། གསང་ལམ།

བཅུ་གཅིག བཅུག་གཅིག
བཅོ་ལྔ། བཅུ་ལྔ།
བཅོ་བརྒྱད། བཅུ་བརྒྱད།
ཉི་ཤུ། ཉིས་ཤུ།
སུམ་ཅུ། གསུམ་བཅུ།
བཞི་བཅུ། བཞི་ཅུ།
དྲུག་ཅུ། དྲུག་བཅུ།
བདུན་ཅུ། བདུན་བཅུ།
བརྒྱད་ཅུ། བརྒྱད་བཅུ།
དགུ་བཅུ། དགུ་ཅུ།

ཉེར་གཅིག ཉེར་ཅིག
སོ་གཅིག སུ་གཅིག
ཞེ་གཅིག བཞི་གཅིག
ལྔ་གཅིག ལྔ་ཅིག ང་གཅིག་ཅེས་དགོས།
རེ་གཅིག རེ་ཅིག
དོན་གཅིག བདུན་གཅིག
གྱ་གཅིག བརྒྱད་གཅིག
གོ་གཅིག དགུ་གཅིག

ཆིག་ཁྲི། གཅིག་ཁྲི།
ཉིས་ཁྲི། གཉིས་ཁྲི།
སུམ་ཁྲི། གསུམ་ཁྲི།

ཆིག་སྟོང་། གཅིག་སྟོང་།
ཉིས་སྟོང་། གཉིས་སྟོང་།
སུམ་སྟོང་། གསུམ་སྟོང་།

ཆིག་འབུམ། གཅིག་འབུམ།
ཉིས་འབུམ། གཉིས་འབུམ།
སུམ་འབུམ། གསུམ་འབུམ།

བྱེ་བ། བྱི་བ།
དུང་ཕྱུར། དུང་འགྱུར།

དག་པ། མ་དག་པ།

ཆེ་དྲགས། ཆེ་དྲག
མང་དྲགས། མང་དྲག
ཉུང་དྲགས། ཉུང་དྲག
ཚ་དྲགས། ཚ་དྲག
ལྷོད་དྲགས། ལྷོད་དྲག
རིང་དྲགས། རིང་དྲག
ཐུང་དྲགས། ཐུང་དྲགས།
རྒྱགས་དྲགས། རྒྱགས་དྲག
སྐམ་དྲགས། སྐམ་དྲག་སོགས།

 

དག མ་དག

འོད་སྡེར། འོད་ལྡེར།
གཟུགས་བརྙན། གཟིགས་བརྙན།
འབོད་སྐུལ། འབོད་བསྐུལ།
རེ་སྐུལ། རེ་བསྐུལ།
གཞེན་སྐུལ། གཞེན་བསྐུལ།
ལྟ་སྐུལ། བལྟ་བསྐུལ།
སྐུལ་ལྕག བསྐུལ་ལྕག
སྐུལ་མ། བསྐུལ་མ།
སྐུལ་སློང་། བསྐུལ་སློང་།
སྐུལ་ཚིག བསྐུལ་ཚིག
སྐོར་བ། བསྐོར་བ།
ཡུལ་སྐོར། ཡུལ་བསྐོར།
ཁྲོམ་སྐོར། ཁྲོམ་བསྐོར།
དམག་འཁྲུག དམག་འཁྲུགས།
འཐབ་འཁྲུག འཐབ་འཁྲུགས།
སྒོ་བྱང། མགོ་བྱང།
སྒོ་ལྕགས། སྒོ་ལྕག

 

དག་པ། མ་དག་པ།
བགྲང་བྱ། གྲངས་བྱ།
རི་བོང་། རི་བུང།
བོང་བུ། བུང་བུ།
བརྒྱ་ཕྲག བརྒྱ་ཁྲག
ཕྲ་དོག ཁྲ་དོག ཕྲག་དོག་ཅེས་དགོས།
རྡོག་ཁྲེས། དོག་ཁྲེས།
ཤམ་ཐབས། གཤམ་ཐབས།
ཁ་དོག ཁ་མདོག གདམ་ང་ཡིན།
མདོག་དཀར། དོག་དཀར།
ཆོ་འཕྲུལ། ཆོ་སྤྲུལ།
གནས་བབ། གནས་བབས།
དུས་བབ། དུས་བབས།
སྐབས་བབ། སྐབས་བབས།
ཁོངས་གཏོགས། ཁུངས་གཏོགས།
ལས་ཁུངས། ལས་ཁོངས།
དྲོད་གཤེར། དྲོད་བཤེར།
ཞིབ་བཤེར། ཞིབ་གཤེར།
གཞིས་བྱེས། གཞི་བྱེས།


 

དག་པ། མ་དག་པ།

སྐད་སྒྱུར། སྐད་བསྒྱུར།
ཡིག་སྒྱུར། ཡིག་བསྒྱུར།
རེ་སྐུལ། རེ་བསྐུལ།
གཞེན་སྐུལ། ཞེན་བསྐུལ།
དབུ་ཁྲིད། དབུ་འཁྲིད།
སློབ་ཁྲིད། སློབ་འཁྲིད།
ལག་ཁྱེར། ལག་འཁྱེར། དག་ཆ་སྔ་ཕྱི་གཉིས་ཀ་བེད་སྤྱོད་བྱེད་ཀྱང་། གོ་དོན་ལྟར་ན་ཕྱི་མ་བཟང་བཟང་དུ་མཐོང་།
གྲོང་ཁྱེར། གྲོང་འཁྱེར།
སྐྱེད་སྲིང་། བསྐྱེད་བསྲིང་།
སོན་རྩ། གསོན་རྩ།
རྩ་རྒྱུད། རྩ་བརྒྱུད།
རྩ་རྒྱུས། རྩ་བརྒྱུས།
ས་ཡོམ། ས་གཡོམ།
ཉེས་རྡུང་། ཉེས་བརྡུང་།
རྡུང་རྡེག བརྡུང་བརྡེག
རིགས་ལམ། རིག་ལམ།
ཤོད་སྟངས། བཤོད་སྟངས།
འགྱུར་འགྲོས། གྱུར་འགྲོས།


དག་པ།          མ་དག་པ།

ཨུ་ཚུགས།     ཨི་ཚུགས།
ཨི་ཁུང་། ཨུ་ཁུང་།
རྨོག་རུ། རྨོག་རི།
སྨག་རུམ། སྨག་རིམ།

…………..

ནོར་ཉེན་ཆེ་བའི་ཐ་སྙད།

མྱི་ནག་ཚང་གིས་བསྡུས།

 

གཤམ་གྱི་མིང་ཚིག་སྔ་མ་རྣམས་དག་པ་དང་། ཕྱི་མ་རྣམས་མི་དག་པ་དང་དག་ཀྱང་སྔ་མའི་མིང་ཚིག་ལ་ནོར་ཉེན་ཆེ་བའི་རིགས་ཡིན།

ཡིད་རྟོན། ཡིད་བརྟན།
ཐབས་རྡུགས། ཐབས་སྡུག
ཕན་ཐོགས། ཕན་ཐོག
ཁག་ཐེག ཁག་ཐག ཁེག་ཐག
ལག་ལ་རག ལག་པས་རེག
བསྲི་ཚགས། སྲི་ཚགས།
ལྟ་རྟོག ལྟ་རྟོགས།
ཤེས་རྟོགས། ཤེས་རྟོག
གསུམ་བཅུའི་དུས་དྲན། སུམ་ཅུའི་དུས་དྲན།
གདུག་རྩུབ། སྡུག་རྩུབ།
སྲུང་གཙི། སྲུང་བརྩི། ཕྱི་མ་འདི་འགྲིགས་པ་ཡིན་ལ། ལག་ལེན་དུ་ཁྱབ་གདལ་ཕྱིན་པའང་ཕྱི་མ་ཡིན། འོན་ཀྱང་དག་ཆ་སྔ་མ་ནི། འགའ་ཤས་ཀྱིས་གསར་བཟོ་བྱས་རུང་གོ་དོན་ཆ་ནས་དགེ་མཚན་འཕར་ཅང་མ་མཆིས་པས་འཇིག་རྟེན་ཀུན་ཁྱབ་ཏུ་སོང་བ་རང་སོར་བཞག་ན་ལེགས་སྙམ།
ཞབས་ཕྱི། ཞབས་ཞུ།
ཞབས་བརྟན། ཞབས་རྟེན།
བརྟན་བཞུགས། རྟེན་བཞུགས།
བཟའ་ཟླ། གཟའ་ཟླ།
གང་འཚམ། གང་འཚམས། ཕྱི་མ་འདི་དག་པ་ཡིན་ལ་འགྲོ་རྒྱུག་ཀྱང་ཆེ། འོན་ཀྱང་དག་ཡིག་གསར་བསྒྲིགས་ཁོ་ནར་སྔ་མ་ལྟར་གསལ།
བདེ་འཚམས། བདེ་འཚམ།
བཙོན་ཁང་ནང་བཅུག་སོང་། ཁྲིམས་ཁང་ནང་བཅུག་སོང་།
གྲྭ་བཞི་བཙོན་ཁང་། གྲ་བཞི་བཙོན་ཁང་།
ཡོད་མེད། ཡོད་མིན།
གློད་གྲོལ། གློལ་བཀྲོལ།
ཡིན་མིན། ཡིན་མེད།
ཉམ་ཉེས། ཉམས་ཉེས།
ཉམས་རྒུད། ཉམ་རྒུད།
རམ་འདེགས། རབ་འདེགས།
འུ་ཐུག ཨུ་ཐུག
ཨུ་ཚུགས། ཨུ་ཚིགས། ཨུ་ཚུག
ཅུང་མ་འགོར་བར། ཅང་མ་འགོར་བར།
དོགས་ཟོན། དོགས་སོན།
ད་རེབ། ད་རེས། ཕྱི་མ་དག་པ་ཡིན། སྔ་མ་ཡུལ་བྱེ་བྲག་པའི་སྐད་ཡིན།
དུས་བབ། དུས་བབས།
མཚན་ཤས། མཚན་ཤོས།
སུན་གཙེར། སུན་བཙེར།
མཚན་སྨོད། མཚན་སྨད།
རག་ལས། རག་ལུས། འདི་གཉིས་ཀ་དག་པ་ཡིན།
ཆག་ཡང་། ཆགས་ཡང་།
ཆག་འཇིག ཆགས་འཇིག  ཚིག་འདི་གཉིས་ཀ་ལ་གོ་བ་མི་འདྲ་བ་རེ་ཡོད་ལ། གཉིས་ཀ་དག་པ་ཡིན།

 

ཚིགས་བཅད། ཚིག་བཅད།
ཚེག་ཁྱིམ། ཚིག་ཁྱིམ།
ཚེག་བར། ཚིག་བར།
ཚེག་ཐུང་། ཚིག་ཐུང་།
ལྷུ་ཚིགས། ལྷུ་ཚིག
སྐེད་ཚིགས། སྐེད་ཚིག
དུས་ཚིགས། དུས་ཚིག 

 

རྐུབ་སྟེགས། སྐུབ་སྟེགས།
སྡིངས་ཆ། སྡིང་ཆ།
ནོ་སྦེལ་ཞི་བདེའི་གཟེངས་རྟགས། ནོར་ཝེ་ཞི་བདེའི་གཟེངས་རྟགས། རབ་བྱུང་ན། ནོ་བེལ་ཞི་བདེའི་གཟེངས་རྟགས་ཅེས་དགོས།
སེམས་འཚབ། སེམས་འཚུབ། སེམས་ཚབས།
ཚབས་ཆེན། ཚབ་ཆེན།
འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། འགྲོ་བ་མིའི་ཐོབ་ཐང་རྡོག་རུལ།
བོར་སྟོར། བོར་གཏོར།
ཕྱི་ལོགས། ཕྱི་ལོག
ཕྱིར་ལོག ཕྱིར་ལོགས།
བརྒྱ་ལྷག བརྒྱ་ལྷག་ཙམ། (བརྒྱ་ལྷག་ནི་བརྒྱ་ལས་མང་བ། བརྒྱ་ཙམ་ནི་བརྒྱར་མ་ལོངས་པའོ།)

 

བདེ་བླག བདེ་གླགས།
རུལ་སུངས། རུལ་སོངས།
མགོ་རྟིང་སློག མགོ་སྟེང་སློག
དང་བླངས། དྭངས་བླང་།

 

གནས་ཚད། གནས་ཚུལ།།
གངས་ཅན་སྐྱིད་གཤོངས། གངས་ཅན་སྐྱིད་གཞུང༌།
དགུང་ལོ། དགོང་ལོ།
དགོང་མོ། དགུང་མོ།
འགུལ་བསྐྱོད། འགུལ་དཀྱོག འགུལ་སྐྱོད་ཅེས་དགོས་སོ། །
ཐོངས་མཆན། མཐོང་ཆེན།
ཡོ་བསྲང༌། ཡོ་སྲང༌།
རྩེ་ཕུད། རྩེ་ཕུལ།

རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་མིང་ཡང་གཅིག་གྱུར་ཡོང་ཆེད་ལག་དེབ་དེའི་ནང་བཀོད་ན་གང་འདྲ་འདུག དཔེར་ན།

Amnesty International རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། ཉེས་ཡང་ཞེས་དགོས།

Human Rights Watch འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ།
Reporters Without Borders རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པ། རྒྱལ་མཚམས་མེད་པའི་གསར་འགོད་པ། ཞེས་དགོས།

U.N. Human Rights Council མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས།

European Union ཡུ་རོབ་མཐུན་ཚོགས།

UN Security Council མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས།

North Atlantic Treaty Organization བྱང་གི་དམག་དོན་སྒྲིག་འཛུགས། བྱང་ཨེཌ་ལེན་ཊིཀ་ཆིངས་དོན་སྒྲིག་འཛུགས། ཞེས་པ་ལྟ་བུ་དགོས་སྙམ།

སོགས་གསར་ལམ་ཁག་ལ་ཡོང་ཁྱབ་ཀྱིས་བེད་སྤྱོད་གཏོང་གི་ཡོད་པ་རེ

སོགས་གསར་ལམ་ཁག་ལ་ཡོངས་ཁྱབ་ཀྱིས་བེད་སྤྱོད་གཏོང་གི་ཡོད་པ་རེད།


 

 

Form Name