wildyaks
Wildyaks
>
བསྡུར་བ་མ་བྱེད། དགག་པ་མ་གཏོང་།
བསྡུར་བ་མ་བྱེད། དགག་པ་མ་གཏོང་།
སིན་ཐན་ཡོའུ་ཏེ་༼འཇར་པན༽ཡིས་བརྩམས།
སྤྱི་རྒན་ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།
རང་གི་བྱིས་པ་དང་གཞན་གྱི་བྱིས་པ་བསྡུར་བ་དང་། བྱིས་པའི་འགྲན་སློང་ལ་དགག་པ་བཏང་བས་བྱིས་པ་ལ་གནོད་འཚེ་ཐེབས་ངེས།
དོན་དམ་དུ། ཕ་མའི་སྐད་ཆ་དང་རྣམ་འགྱུར་གྱིས་བྱིས་པ་ལ་ཤུགས་རྐྱེན་ཐེབས་པ་ནི། ཕ་མའི་བློ་ཡུལ་ལས་འགོངས་ཡོད་པ་ཞིག་རེད།
འདི་ནི་ཤིན་ཏུ་སྟབས་བདེའི་དོན་དག་ཅིག་ཡིན་ཡང་། ངས་ངེས་པར་དུ་བཤད་རྒྱུ། བྱིས་པ་ལ་སློབ་གསོ་བྱེད་སྐབས། རྩ་བ་ནས་རང་གི་བྱིས་པ་དང་གཞན་བྱིས་པ་བསྡུར་བ་བྱེད་མི་ཉན།
ཅིའི་ཕྱིར་ཞེ་ན། མི་སོ་སོའི་གཤིས་རྒྱུད་མི་འདྲ་ལ། འཚར་ལོངས་འབྱུང་བའི་ཁོར་ཡུག་རྩ་བ་ནས་མི་འདྲ་བ་མ་ཟད། མིང་སྲིང་ལ་ཡང་ཁྱད་པར་ཆེན་པོ་ཡོད་པས་ཡིན།
ཁོར་ཡུག་དང་ཆ་རྐྱེན་མི་འདྲ་བས། བསྡུར་བ་བྱེད་པ་ནི་དོན་སྙིང་སྤུ་ཙམ་ཡང་མེད་པ་ཞིག་རེད། ངས་བསམས་ན་བྱིས་པ་ཕན་ཚུན་བསྡུར་བ་བྱེད་པ་ནི། བྱིས་པ་ལ་གཞིགས་ནས་བཤད་ན་ཤིན་ཏུ་སྙིང་རྗེ་བའི་གནས་རེད། དོན་དག་འདི་ལ་ཉན་ལ་ཤིན་ཏུ་སྟབས་བདེ་ཞིག་ཡིན་ཡང་། དོན་དངོས་གནས་ཚུལ་དུ་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་ཚོར་བ་སྐྱེ་རུ་འཇུག་ངེས། མི་ཤིན་ཏུ་མང་པོས་གཞན་གྱི་བྱིས་པ་དང་རང་གི་བྱིས་པ་གཉིས་བསྡུར་བ་བྱེད་སྲིད།
བྱིས་པ་ཕན་ཚུན་བསྡུར་བ་བྱས་ན། བྱིས་པར་གནོད་འཚེ་ཐེབས་ངེས། བྱིས་པ་ལ་ངས་མི་ནུས་སམ། ཕ་མས་ང་རང་ཁས་མི་ལེན་ནམ་བསམ་པ་འདི་འདྲའི་བསམ་བློ་སྐྱེ་ངེས། ད་དུང་ཕ་མ་དང་མཐའ་སྐོར་གྱི་མིའི་གདེང་འཇོག་ཆེད་དུ་འཚོ་བ་རོལ་སྲིད། འདི་ལྟར་བྱས་ན་ཁོ་རང་གི་ཕུགས་འདུན་འཆོར་ངེས།
དེ་མིན། ད་དུང་གཏན་ནས་བྱེད་མི་རུང་བའི་དོན་དོག་ཅིག་ཡོད། དེ་ནི་བྱིས་པའི་འགྲན་སློང་ཁས་མི་ལེན་པ་དེ་ཡིན།
གལ་ཏེ་ཕ་མས་བྱིས་པའི་འགྲན་སློང་ཁས་མ་བླངས་ན། བྱིས་པས་ཀྱང་རང་ཉིད་ཁས་མི་ལེན་པས། དེ་ནས་བཟུང་འགྲན་སློང་གི་བསམ་བློ་ཡོད་མི་སྲིད།
འདི་ལྟར་བྱས་ན། བྱིས་པས་ཇི་ལྟར་བྱས་ན་ཕ་མས་གཤེ་གཤེ་མི་གཏོང་བ་ཁོ་ན་ལ་འདང་རྒྱག་ངེས་པ་མ་ཟད། ད་དུང་དེའི་ཕྱིར་བསམ་བློའི་འཕེལ་རྒྱས་མཚམས་འཇོག་ཀྱང་སྲིད།
དེའི་ཕྱིར། བྱིས་པ་ལ་སློབ་གསོ་གཏོོང་དུས། བྱིས་པ་གཞན་དང་བསྡུར་བ་དང་། བྱིས་པའི་འགྲོན་སློང་ལ་དགག་པ་གཏོང་བ་འདི་གཉིས་རྩ་བ་ནས་འགོག་དགོས།
བྱིས་པ་ནི་ཤིན་ཏུ་གཉོམ་ཆུང་ཡིན།
ཕ་མའི་སྐད་ཆ་དང་རྣམ་འགྱུར་གྱིས་བྱིས་པ་ལ་ཐེབས་པའི་ཤུགས་རྐྱེན་ནི། ཤིན་ཏུ་ནས་ཀྱང་ཕ་མའི་བློ་ཡུལ་ལས་འགོངས་པ་ཞིག་གོ།
།
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print