སེང་གཱ་པོར་སློབ་སྤྱི་ཞིག་གིས་བྱིས་པའི་ཕ་མ་ཚོར་བསྐུར་བའི་འཕྲིན།

སེང་གཱ་པོར་གྱི་སློབ་སྤྱི་ཞིག་གིས་བྱིས་པ་ཚོའི་ཡིག་རྒྱུགས་སླེབས་མཚམས་ཀྱི་སྔོན་ཏག་ཏག་ལ་ཕ་མ་ཚོར་བསྐུར་བའི་འཕྲིན་ཡིག་ཅིག

སྒྱུར་བ་པོ། རྐང་རྗེན་པ།

 

བརྩེ་བའི་ཕ་མ་རྣམ་པ།

 

བྱིས་པ་ཚོའི་ཡིག་རྒྱུགས་སླེབས་ལ་ཉེ་བས། ད་ལྟ་ཁྱེད་ཚོས་རང་རང་གི་བྱིས་པའི་ཡིག་རྒྱུགས་ལེགས་པོ་ཡོང་བའི་ཆེད་དུ་སེམས་ཁྲལ་བྱེད་ཀྱིན་ཡོད་པ་ངས་རྟོགས་ཀྱིན་ཡོད།

 

འོན་ཀྱང་། ཁྱེད་ཚོས་ཡིད་ལ་འཛིན་རྒྱུ་ཞིག་ལ། ཡིག་རྒྱུགས་ལ་ཞུགས་པའི་སློབ་མ་རྣམས་ཀྱི་ཁྲོད་ན། ཨང་རྩིས་ཤེས་མི་དགོས་པའི་རི་མོ་བ་ཡོད་ལ། ལོ་རྒྱུས་དང་དབྱིན་ཇིའི་སྐད་ཡིག་ལ་དོ་སྣང་བྱེད་མི་དགོས་པའི་ཁེ་ལས་པ་ཡོད། རྫས་འགྱུར་རིག་པའི་སྐར་གྲངས་མི་མཁོ་བའི་རོལ་མོ་བ་ཡོད་ལ། སློབ་གྲྭའི་དུས་སྐབས་དང་འདྲ་བར། གཟུགས་པོའི་བདེ་ཐང་ནི་དངོས་ལུགས་ལས་ཀྱང་གལ་ཆེན་དུ་བརྩི་བའི་ལུས་རྩལ་བ་ཡང་ཡོད་པ་ཡིན།

 

གལ་ཏེ་ཁྱེད་ཚོའི་བྱིས་པ་ཚོས་སྐར་གྲངས་མཐོ་བོ་ལེན་པ་ཡིན་ན། དེ་ནི་རླབས་ཆེན་རེད། འོན་ཀྱང་། གལ་ཏེ་ཁོང་ཚོས་དེ་ལྟར་བྱེད་མ་ཐུབ་ན་ཡང་ཁོང་ཚོའི་རང་རྟོན་དང་རང་མཐོང་གི་འདུ་ཤེས་རྨེག་མེད་དུ་མ་གཏོང་རོགས།

 

ཁྱེད་ཚོས་བྱིས་པ་ཚོ་ལ་གལ་ཡོད་པ་མ་རེད། དེ་ནི་ཡིག་རྒྱུགས་ཙམ་རེད། མི་ཚེའི་ནང་དེ་ལས་ལྷག་པའི་དོན་དག་གལ་ཆེན་མང་པོ་ཞིག་ལྷག་ཡོད་པ་རེད་ཅེས་སེམས་གསོ་བྱེད་རོགས།

 

བྱིས་པ་ཚོས་སྐར་གྲངས་ཅི་ཙམ་ལོན་ཡོད་མེད་ལ་མ་ལྟོས་པར། ཁྱེད་ཚོ་སྔར་བཞིན་ཁོང་ཚོ་ལ་དགའ་བ་དང་ཡིག་རྒྱུགས་ཀྱི་སྐར་གྲངས་ཙམ་གྱིས་ཁོང་ཚོའི་རིན་ཐང་གཞལ་གྱི་མིན་ཞེས་སྐུལ་མ་བྱེད་རོགས།

 

ཁྱེད་ཚོས་ཅིས་ཀྱང་དེ་ལྟར་བྱེད་རོགས། དེ་ལྟར་བྱེད་པ་ཡིན་ན་ཁྱེད་ཚོས་རང་གི་བྱིས་པས་འཇིག་རྟེན་ཁ་ལོ་བསྒྱུར་བར་རྒྱང་ལྟ་བྱེད་ཆོག ཡིག་རྒྱུགས་ཤིག་གམ་སྐར་གྲངས་དམའ་བོ་ཙམ་གྱིས་བྱིས་པ་ཚོའི་ཕུགས་བསམ་དང་ཁྱད་ནུས་ལ་གནོན་ཤུགས་གང་ཡང་ཐེབས་མི་སྲིད།

 

ད་དུང་ཞུ་རྒྱུ་ཞིག་ལ། ཁྱོད་ཚོས་ནམ་ཡང་ཆེད་མཁས་པ་དང་འཆར་འགོད་སྣེ་ཁྲིད་མི་སྣ་ཁོ་ན་ནི་གོ་ལ་འདིའི་སྒང་ནས་ཆེས་བདེ་སྐྱིད་ལྡན་པའི་མི་དེ་ཡིན་པར་མ་སེམས་རོགས།

 

གུས་འདུད་དང་ལྷན་དུ།

སློབ་སྤྱི་ནས།